ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚོ་ས་ཆ་སོ་སོར་སོང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱས།
2024.07.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལིའུ་མེ་ཕེན་དང་ཝང་ཝེ་ཏུང་། ཀྲའོ་ཡུའེ་ཞཱ། ཚེ་རིང་ཐར། དབྱང་ཧྥ་སིན། ཝང་ཏ་ནན། ཝང་ལེན་ཧུའུ། ཝུའུ་ལཱ་ཙི་པེ་ཁི་རེ་སུའུ་ལིས་ཧན། པད་ཁོ། ཀྲུའུ་ཞང་ཧྥིན། དབྱང་ལུང་ཞི་བཅས་སོ་སོར་ལས་ཁུངས་དང་ཁེ་ལས། ལས་དོན་སྡེ་ཁག ཞིང་སྡེ་འབྲོག་ཁུལ། གཞིས་ཁུལ། དམག་སྒར། དཔལ་འབྱོར་རྩ་འཛུགས་གསར་བ་དང་སྤྱི་ཚོགས་རྩ་འཛུགས་གསར་བ་སོགས་ལ་སོང་ནས། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དང་བསམ་བློ་བརྗེ་རེས་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་ཟབ་མོ་བྱས་ལ། ཞིང་ཆེན་གོང་འོག་ཡོངས་སུ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་གྱི་ཚ་རླབས་འཕྱུར་བར་སྣེ་ཁྲིད་བྱས་ཏེ། གསུང་བཤད་གལ་ཆེན་གྱི་དགོངས་དོན་མཚོ་སྔོན་ནས་ལག་བསྟར་ནན་མོ་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་བཏང་།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚོ་ས་ཆ་སོ་སོར་སོང་ནས་ཡུལ་དངོས་སྒྲོག་བཤད་དང་བཞུགས་མོལ་ཚོགས་འདུ་བསྡུ་བ། ལས་བྱེད་པ་དང་མང་ཚོགས་དང་ཁ་གཏད་བརྗེ་རེས་བྱེད་པ་སོགས་ཀྱི་རྣམ་པ་སྣ་མང་སྤྱད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཕྱོགས་ཡོངས་དང་ཆ་ཚང་བའི་སྒོ་ནས་འགྲེལ་བཤད་དང་འགྲེལ་ཀློག་གསལ་བོ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་ཆབ་སྲིད་ཀྱི་དོན་སྙིང་དང་ལག་ལེན་གྱ་དོན་སྙིང་། ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་པར་སྣེ་ཁྲིད་བྱས་ལ། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་ངེས་གནས་དང་རེ་བ་ལག་བསྟར་ནན་མོ་བྱས་པ་དང་། ཚང་མས་ལས་སྒྲུབ་ལས་སྐྲུན་གྱི་ངར་སེམས་དང་བརྩོན་སེམས་ཆེར་སྐྱེད་ལ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་གཟིགས་སྐྱོང་ལ་དྲིན་ལན་འཇལ།

སྒྲོག་འགྲེལ་ལ་ཉན་རྗེས། ཚང་མས་ལང་ལོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཅིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱིས། ཏང་དང་རྒྱལ་ཁབ་སྤྱི་ཡོངས་ནས་འཕེལ་རྒྱས་གཏོང་བའི་མཐོ་ཚད་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ཁ་ཕྱོགས་གསར་བ་བསྟན་པ་དང་གནས་ཚད་གསར་བ་གཏན་ཁེལ་བྱས་ལ། འགན་འཁྲི་གསར་བ་བསྩལ་བ་དང་རེ་བ་གསར་བ་བཏོན་ཞིང་། མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེ་མཚོ་སྔོན་གྱི་བྱ་བའི་ཁ་ཕྱོགས་སྟོན་རྟགས་དང་སྒུལ་ཤུགས་ཀྱི་ཡོང་ཁུངས། ཤུགས་འདོན་ས་བཅས་སུ་བརྩི་བ་དང་། དེའི་ཁྲོད་ཀྱི་གོ་དོན་ཕུན་སུམ་ཚོགས་པ་དང་བརྗོད་དོན་གཙོ་བོ། ལག་ལེན་གྱི་རེ་བར་རྒྱུས་ལོན་ཟབ་མོ་བྱེད་པ། དྲིན་བསམ་ནས་སློབ་སྦྱོང་བྱེད་པ་དང་བློ་དཀར་པོས་སློབ་སྦྱོང་བྱེད་པ། འགན་འཁྲི་ཁྱེར་ནས་སློབ་སྦྱོང་བྱེད་པ། རང་རྟོགས་སྒོས་བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་སྟེང་གཅིག་གྱུར་བྱེད་པ། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་གོ་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ། བཅོས་བསྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་སྐྱེད་བྱེད་པ་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་དང་ཐུན་མོང་ཕྱུག་བསྒྱུར་རྒྱུན་འཁྱོངས་བྱེད་པ། བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་བསམ་ཕྱོགས་དང་བྱེད་ཐབས་གཏན་ཁེལ་བྱེད་པ། དམིགས་འབེན་ལས་འགན་ཇེ་ཞིབ་ཏུ་གཏོང་བ། ཚད་གཞི་དང་ཡུལ་ཁམས་མཐོར་འདེགས་གཏོང་བ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་ལག་བསྟར་སྔར་ལས་གནད་ལ་འཁེལ་བ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པའི་ཐད་ནས་བྱུང་བའི་སྒུལ་ཤུགས་དེ་ཁག་ཁུར་དངོས་སྒྲུབ་ཀྱི་བྱ་སྤྱོད་དངོས་དང་བྱ་བ་བཟང་བོར་བསྒྲུབ་པའི་གྲུབ་འབྲས་དངོས་ལ་བསྒྱུར་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

རིན་ཆེན་མཚོས་བསྒྱུར།