ཟླ7པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་མགོ་འཛིན་བྱས། དབྱང་ཧྥིན་ཁྲུན་དང་ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པའི་སྟེང་གྲོས་ཞིབ་བྱེད་རྒྱུའི་རེ་བ་བཏོན་པའི་འབྲེལ་ཡོད་མི་དོན་བྱ་བའི་གསལ་བཤད་ལ་ཉན། ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་ཚྭ་མཚོ་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་སྲོལ་ཡིག་འཆར་ཟིན་བཟོ་བཅོས་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་སྡུར་སྒྲིག་ལམ་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་པའི་གྲོས་གཞིའི་ཚབ་བྲིས་མ་ཡིག མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཐོ་འགོད་ཞིབ་བཤེར་སྲོལ་ཡིག་གི་བཟོ་བཅོས་སྲོལ་ཡིག་གི་གྲོས་གཞིའི་ཚབ་བྲིས་མ་ཡིག མཚོ་སྔོན་ཞིང་ཆེན་གྱི་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་སྲོལ་ཡིག་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན། ཟི་ལིང་གྲོང་ཁྱེར་གྱི་གནས་སྐོར་ཚོང་རར་ཞིབ་བཤེར་བྱེད་པའི་དོ་དམ་སྲོལ་ཡིག་དང་མཚོ་ཤར་གྲོང་ཁྱེར་གྱི་བདེ་འཇགས་འཛུགས་སྐྲུན་སྲོལ་ཡིག མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སོག་པའི་སྐད་ཡིག་དང་བོད་སྐད་ཡིག་བྱ་བའི་སྲོལ་ཡིག མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ལུགས་སྲོལ་བསྒྱུར་བའི་སྐུལ་སྤེལ་སྲོལ་ཡིག མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་སྲོལ་ཡིག ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ལུགས་གསོ་རིག་སྨན་རྫས་འཕེལ་རྒྱས་སུ་གཏོང་བའི་སྲོལ་ཡིག མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ལུགས་གསོ་རིག་སྨན་རྫས་འཕེལ་རྒྱས་ཀྱི་སྲོལ་ཡིག རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ས་གཤིས་གནོད་འཚེ་དང་ཉེན་ལྡན་ས་ཆའི་འགོག་བཅོས་སྲོལ་ཡིག ཧུའུ་ཀྲུའུ་རྫོང་དང་མེན་ཧི་རྫོང་། དཔའ་ལུང་རྫོང་། ཧི་ནན་རྫོང་བཅས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་ལས་གཉེན་སྒྲིག་གི་ལོ་ཚོད་བསྒྱུར་བའི་ཐག་གཅོད་ལག་བསྟར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན། 2024ལོའི་ས་གནས་བུན་འཛིན་འགྲེམ་སྤེལ་བྱེད་པ་མ་ཟད་གཏོང་ཡོང་སྔོན་རྩིས་འོས་འཚམ་སྒོས་ལེགས་སྒྲིག་བྱེད་པའི་སྙན་ཞུ་ཡི་ཞིབ་བཤེར་མཇུག་འབྲས་སྙན་ཞུའི་སྐོར་གྱི་ཡར་ཞུ་ལ་ཉན་པ་དང་། 2024ལོའི་ལོ་སྟོད་ཀྱི་འཆར་གཞི་དང་སྔོན་རྩིས་ལག་བསྟར་གནས་ཚུལ་སྐོར་གྱི་སྙན་ཞུ། 2023ལོའི་ཞིང་ཆེན་རིམ་པའི་ནོར་སྲིད་སྔོན་རྩིས་དང་རྩིས་བཤེར་བྱ་བའི་སྙན་ཞུ་སོགས་སྙན་ཞུ་བཞི་ཡི་ཞིབ་བཤེར་གནས་ཚུལ་དང2023ལོའི་ཞིང་ཆེན་རིམ་པའི་ནོར་སྲིད་ངེས་རྩིས་འཆར་ཟིན་ཞིབ་བཤེར་གྱི་གྲུབ་འབྲས་སྙན་ཞུའི་སྐོར་གྱི་ཡར་ཞུ་བཅས་ལ་ཉན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་བོན་བཅའ་ཁྲིམས་ལག་བསྟར་གནས་ཚུལ་ལ་བརྟག་བཤེར་བྱས་པའི་སྙན་ཞུ་དང་། མི་དོན་བསྐོ་འཐེན་གྲོས་གཞི་ལ་གྲོས་ཞིབ་བྱེད་རྒྱུའི་སྐོར་གྱི་ཡར་ཞུ་ལ་ཉན། ཀྲུའུ་རིན་གྲོས་ཚོགས་ཀྱིས་གོང་གསལ་གྱི་གྲོས་གཞི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུར་འཐད་པ་བྱུང་།
ཚོགས་ཐོག་ནས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པའི་གྲོས་རིམ་འཆར་ཟིན་སྐོར་གྱི་་ཡར་ཞུ་ལ་ཉན། ཀྲུའུ་རིན་གྲོས་ཚོགས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་གྲོས་འཆམ་འགོད་རྒྱུར་འཐད་པ་བྱུང་།
ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྨ་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་དང་ཙོང་ཆུའི་བཞུར་རྒྱུད་ཀྱི་ཆུའི་བཙོག་བཟོ་འགོག་བཅོས་སྲོལ་ཡིག་ལག་བསྟར་བྱས་པའི་གནས་ཚུལ་གྱི་ཆེད་དོན་འདྲི་ཞིབ་བྱ་བའི་ཇུས་གཞིའི་སྐོར་གྱི་ཡར་ཞུ་ལ་ཉན་པ་དང་། ཀྲུའུ་རིན་གྲོས་ཚོགས་སྟེང་་ཡར་ཞུ་དེར་འཐད་པ་བྱུང་།
རིན་ཆེན་མཚོས་བསྒྱུར།