ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་གཞུང་ལུགས་ལས་རིགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་བསྡུས།
2024.07.12 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 27

ཟླ7ཚེས11ཉིན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་རྩ་འཛུགས་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་གཞུང་ལུགས་ལས་རིགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པའི་བགྲོ་གླེང་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྱིས་གཏམ་བཤད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ཞིབ་འཇུག     འགྲེལ་བརྗོད་ཡག་པོ་བྱེད་རྒྱུ་ནི་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་གཞུང་ལུགས་ལས་རིགས་ཀྱི་ད་ལྟ་དང་དང་མ་འོངས་པའི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ཡིན་པ་དང་། གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་མ་ལག་ལྡན་པའི་ཞིབ་འཇུག་དང་། རིག་པས་གསལ་འགྲེལ་བྱེད་པ། མང་ཚོགས་ཅན་དུ་ཁྱབ་སྤེལ་བྱེད་པར་ཤུགས་སྣོན་བྱས་ནས། གསུང་བཤད་གལ་ཆེན་གྱི་དགོངས་དོན་མི་སེམས་སུ་སིམ་པ་དང་ལག་ལེན་དུ་བསྟར་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུའི་སྟེང་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ལས་ཁུངས་དང་ཀྲུང་གོ་ཚན་རིག་གླིང་མཚོ་སྔོན་ཚྭ་མཚེའུ་ཞིབ་འཇུག་སུའོ་སོགས་ཀྱི་ཆེད་མཁས་པ11གིས་སྐྱེ་ཁམས་སྲུང་སྐྱོབ་དང“ཐོན་ལས་གནས་བཞི”འཛུགས་སྐྲུན་བྱེད་པ། དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་པ།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སོགས་ནང་དོན་གཙོ་བོར་བཟུང་ནས་ཞིབ་འཇུག་ཁྱབ་ཁོངས་དང་ཟུང་འབྲེལ་གྱིས་བརྗེ་རེས་བྱས།

ཚོགས་འདུ་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་བསྐྱར་མཚོ་སྔོན་ལ་གཟིགས་ཞིབ་གནང་བ་དེས་མཚོ་སྔོན་གྱི་བྱ་བར་ཚད་མཐོའི་མཐོང་ཆེན་དང་མཚོ་སྔོན་མི་དམངས་ལ་ཐུགས་ཁུར་དང་གཅེས་སེམས་ཆེན་པོ་གནང་བཞིན་པ་གང་ལེགས་ཀྱིས་མཚོན་ཡོད། ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི“མཐའ་འཁྱོངས་གསུམ”གྱི་ལག་ལེན་བླང་བྱ་དང་།  “ཕྱོགས་ལྔའི”གཙོ་གནད་ལས་འགན་གྱིས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་གཞུང་ལུགས་ལས་རིགས་ལ་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་རིགས་པའི་གཞུང་ལུགས་དྲིལ་སྒྲོག  རིགས་པའི་གཞུང་ལུགས་ཞིབ་འཇུག་བཅས་ཀྱི་བར་སྟོང་རྒྱ་ཆེན་པོ་ཕྱེས་ཡོད་པར་བསྟན།  ཚོགས་འདུ་ལས་ཞིང་ཆེན་ཡོངས་ཀྱི་རིགས་པའི་གཞུང་ལུགས་སྐོར་གྱི་བྱ་བ་སྒྲུབ་མཁན་གྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས“ལས་བྱེད་པས་སྒྲུབ་དགོས་པ་དང་རིག་ལམ་གསལ་དགོས་པ། རང་གཅུན་ནན་དགོས་པ”བཅས་ཀྱིས་ལག་ལེན་གྱི་བླང་བྱ་དང་ལས་འགན་གཙོ་བོར་དམིགས་ཏེ།  ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ལེན་པ། ཞིབ་འཇུག་དང་འགྲེལ་བཤད་གཏིང་ཟབ་བྱེད་པ། རིགས་པའི་གཞུང་ལུགས་དྲིལ་སྒྲོག་གཏིང་ཟབ་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ནན་མོ་དེ་དྲིན་ཚོར་དངོས་སྒྲུབ་ཀྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སུ་འགྱུར་བར་ཁྲིད་སྟོན་བྱས་ནས།  མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་བ་ལེན་དགོས་པའི་བླང་བྱ་བཏོན།

གཡང་འབུམ་རྒྱལ་གྱིས་བསྒྱུར།