ཟླ7པའི་ཚེས15ཉིན། ཟི་ལིང་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་བྱ་བ་དམ་འཛིན་བྱེད་པའི་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཝེ་ཏུང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། གཞི་རིམ་ཏང་འཛུགས་ཀྱི“གཅིག་ཅན་དྲུག”གི་བྱ་བའི་བླང་བྱ་དོན་འཁྱོལ་གཏིང་ཟབ་བྱས་ནས། གཞི་རིམ་ཏང་འཛུགས་བྱ་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་མདུན་སྐྱོད་ཀྱི་མིག་དཔེ་སྟོན་པར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཧྲི་ཅན་ཕིང་གིས་མགོ་འཛིན་བྱས།
ཝང་ཝེ་ཏུང་གིས་བསྟན་དོན། ན་ནིང་ནས་བཟུང་གྲོང་ཁྱེར་ཏང་ཨུ་ཡིས་མདུན་སྐྱོད་དཔེ་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་བསམ་བློའི་སྤྱོད་ཚུལ་འཛུགས་སྐྲུན་བྱེད་པའི་གཙོ་གནད་གཉིས་ དམ་འཛིན་བྱས་ནས། གོང་གིས་འོག་ལ་སྣེ་ཁྲིད་དང་གནད་དོན་ལ་ཁ་གཏད་འཇལ་བ་དང་ཕན་འབྲས་གཙོ་བོར་འཛིན་པ་བཅས་རྒྱུན་འཁྱོངས་བྱས་ནས། གཞི་རིམ་གྱི་ཏང་འཛུགས་བྱ་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད།
ཝང་ཝེ་ཏུང་གིས་ནན་གྱིས་བསྟན་དོན། གཞི་རིམ་གྱི་ཏང་འཛུགས་དམ་འཛིན་བྱེད་པར་ངེས་པར་དུ་གཞི་རིམ་ཏང་རྩ་འཛུགས་ཁྱོན་ཡོངས་ནས་ཡར་ཐོན་དང་ཁྱོན་ཡོངས་ནས་བརྟན་པོ་ཡོང་བའི་དམིགས་འབེན་ལ་དོ་སྣང་ཆེན་པོ་བྱེད་པ་དང་། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བའི་སྲོག་ཤིང་གཉིས་དམ་འཛིན་བྱེད་པ།“སུ་ཞིག་གིས་དམ་འཛིན་དང་། ཅི་ཞིག་དམ་འཛིན་བྱེད་པ། ཇི་ལྟར་དམ་འཛིན་བྱེད་པ”བཅས་གཙོ་གནད་གསུམ་ལ་དམིགས་པ་དང་། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བའི“ཟླ་རེར་གནད་དོན་གཅིག”གི་ལམ་སྲོལ་བཞི་ཡག་པོར་སྤྱད་དེ་གཞི་རིམ་ཏང་འཛུགས་བྱ་བའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།
ཝང་ཝེ་ཏུང་གིས་གཞི་རིམ་ཏང་འཛུགས་ཀྱི་འགན་འཁྲི་དམ་འཛིན་ནན་མོ་བྱས་ཏེ། “རིམ་པ་གཅིག་ལས་གཅིག་གཏིང་ཟབ་པ་དང་རིམ་པ་གཅིག་ལས་གཅིག་ཞིབ་ཕྲ་ཡིན་པའི”འགན་འཁྲིའི་མ་ལག་འཛུགས་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱིས་གནད་དོན་ཤེས་རྟོགས་བྱེད་པའི་ནུས་པ་ཆེ་རུ་གཏོང་བར་དམིགས་ནས། “ཞུ་གཏུག་ཡོད་ན་མྱུར་དུ་སྒྲུབ་དགོས་པའི”བྱ་བའི་ལམ་སྲོལ་དང་ཟུང་འབྲེལ་བྱས་ཏེ། གནད་དོན་ཤེས་རྟོགས་བྱེད་པར་སྣེ་ཁྲིད་པའི་བྱ་བའི་མ་ལག་འཐུས་ཚང་དུ་བཏང་ནས། མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཏང་འཛུགས་བྱ་བ་དམ་འཛིན་བྱེད་རྒྱུ་དེ་བྱ་བའི་རྣམ་པ་གསར་པ་གསར་སྐྲུན་བྱེད་པའི་བརྒལ་གཏོར་བྱེད་སར་བརྩི་བ་དང་། དཀའ་གནད་སེལ་བ་དེ་ཏང་འཛུགས་བྱ་བར་སྐུལ་འདེད་གཏོང་བའིཤུགས་རྒྱག་སར་བརྩིས་ནས། ཏང་འཛུགས་བྱ་བ་དང་བྱེད་སྒོའི་བྱ་བ་མཉམ་འདྲེས་གཏིང་ཟབ་བྱེད་པའི་བྱ་བའི་རྣམ་པ་ཞིག་ཆགས་པར་བྱེད་དགོས།
ཝང་ཝེ་ཏུང་གིས་མ་ལག་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་བྱེད་པ་དང་། གཞི་རིམ་གྱི་གསར་གཏོད་ལ་སྐུལ་འདེད་བྱེད་པ། ཕན་འབྲས་སྔོན་ལ་འཛིན་པ་རྒྱུན་འཁྱོངས་བྱེད་པ། ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་དམ་འཛིན་ནན་མོ་བྱེད་པ་བཅས་བྱས་ནས། གཞི་རིམ་ཏང་འཛུགས་ཀྱི་སྤྱི་ཡོངས་ཕན་ནུས་ཆེ་རུ་བཏང་སྟེ། གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་ཏང་འཛུགས་བྱ་བའི་རྣམ་པ་གསར་པ་ཧུར་ཐག་གིས་བསྐྲུན་དགོས་པའི་བླང་བྱ་བཏོན།
ཧྲི་ཅན་ཕིང་གིས་མགོ་འཛིན་བྱེད་སྐབས་བསྟན་དོན། ཚོགས་འདུའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱས་ཏེ“ལས་བྱེད་པས་སྒྲུབ་དགོས་པ་དང་། རིག་ལམ་གསལ་དགོས་པ། རང་གཅུན་ནན་དགོས་པ”བཅས་ཀྱི་དངོས་སྒྲུབ་བྱེད་ཐབས་དང་། མདུན་བསྐྱོད་དཔེ་སྟོན་གྱི་བྱ་སྤྱོད་དངོས་ལ་བརྟེན་ནས། ཚོགས་འདུའི་བཀོད་སྒྲིག་ལྟར་གནད་དོན་ཤེས་རྟོགས་དང་། དཀའ་གནད་ཐག་གཅོད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ནུས་པ་དང་འཇོན་ཐང་སྦྱོང་བརྡར་བྱས་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་གཙོ་གནད་ལས་འགན་དོན་འཁྱོལ་དམ་འཛིན་བྱེད་པ་དང་། དུས་ཐོག་ཏུ་བསྐྱར་ཞིབ་བྱེད་པ། ཞན་ཆ་ཁ་གསབ་བྱེད་པ། མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་གི་གནད་དོན་དེ་གཞི་རྟེན་གལ་ཆེན་དུ་བརྩིས་ནས། མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་ལངས་ཏེ་མང་ཚོགས་ཀྱི་ལམ་ཕྱོགས་ཡག་པོར་བསྐྱོད་པ། སེམས་ཞིབ་མོས་མང་ཚོགས་ལ་འབྲེལ་གཏུག་བྱེད་པ་དང་། མི་དམངས་ཀྱི་དགོས་མཁོར་ལན་སློག་པ། དོན་དངོས་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་འགན་འཁྲི་དོན་འཁྱོལ་བྱེད་པའི་བྱ་བའི་མ་ལག་དང་ལྟ་སྐུལ་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཟི་ལིང་གི་ལེའུ་འབད་པས་འབྲི་བར་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་དང་གཞི་རིམ་གྱི་རྨང་གཞི་བརྟན་པོ་འདོན་སྤྲོད་བྱེད་དགོས།
ཚོགས་འདུའི་སྟེང་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་དང་། རྟ་ཐང་རྫོང་ཏང་ཨུ། གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུའུ་ཏང་ཨུ་སོགས་ཀྱིས་བརྗེ་རེས་གཏམ་བཤད་བྱས།
གཡང་འབུམ་རྒྱལ་གྱིས་བསྒྱུར།