ཉེ་ལམ《ཞི་ཅིན་ཕིང་གི་གསུང་རྩོམ་འདེམས་ཀློག》གི་བམ་པོ་དང་པོ་དང་གཉིས་པ་དང་།《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྒྱས་བཤད་བཏུས་བསྒྲིགས》བཅས་ཀྱི་ཚུགས་རྙིང་པར་གཞི་དེ་མཉམ་འབྲེལ་དཔེ་སྐྲུན་སྡེ་ཚོགས་ཀྱིས་པར་སྐྲུན་འགྲེམ་སྤེལ་བྱས་པ་དང་། ཟླ7ཚེས17ཉིན། ཞང་ཀང་དཔེ་དེབ་འགྲེམ་སྟོན་ཁང་གིས་དཔེ་དེབ་གསར་པ་འགྲེམ་སྟོན་དང་པར་སྐྲུན་བཞུགས་མོལ་ཚོགས་འདུ་བསྡུས།
《ཞི་ཅིན་ཕིང་གི་གསུང་རྩོམ་འདེམས་ཀློག》ཁྲོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་གསར་གཏོད་བྱས་ནས། རྒྱུན་ཆད་མེད་པར་རྒྱལ་ཁ་གསར་པ་བླངས་པའི་རླབས་ཆེན་ལོ་རྒྱུས་ཀྱི་འཕེལ་རིམ་གསོན་ཉམས་ལྡན་པའི་སྒོ་ནས་ཟིན་ཐོར་བཀོད་ཡོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་གུང་ཁྲན་ཏང་གིས་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས་ཐོབ་པའི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་གཅིག་བསྡུས་ཀྱིས་མཚོན་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་སྣེ་ཁྲིད་བྱས་པའི་བདེན་དོན་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་གང་ལེགས་ཀྱིས་མངོན་པ། ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཁབ་དང་མི་རིགས་ཀྱི་འཕེལ་རྒྱས་དང་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ཐད་ཀྱི་ལོ་རྒྱུས་ཀྱི་འགན་འཁྲི་མངོན་པར་བྱས་ཡོད། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་དང་རྒྱུད་རིམ་ལྡན་པའི་སྒོ་ནས་མཚོན་པའི་དབང་ཟིལ་ལྡན་པའི་བརྩམས་ཆོས་ཤིག་རེད། 《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྒྱས་བཤད་བཏུས་བསྒྲིགས》ལས་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་། ངོ་བོའི་བླང་བྱ། རྩ་དོན་གལ་ཆེན་སོགས་ཕུན་སུམ་ཚོགས་པའི་ནང་དོན་ལ་འགྲེལ་བཤད་གཏིང་ཟབ་གནང་བ་རྒྱུད་རིམ་ལྡན་པའི་སྒོ་ནས་མཚོན་ཡོད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་ཀྱི་གསར་གཏོད་གཅིག་བསྡུས་ཀྱིས་མཚོན་ཡོད་ཅིང་། ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུ་གསར་པར་བདེ་བླག་ངང་བསྐྱོད་དེ། མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་པ་གསར་སྐྲུན་བྱས་ནས། དེང་རབས་ཅན་གྱི་དཔེ་རིས་གསར་པ་གསར་དུ་བྲིས་པ་མཚོན་པར་བྱས་ཡོད།
དཔེ་དེབ་གསུམ་གྱི་ཚུགས་རྙིང་པར་གཞི་པར་སྐྲུན་འགྲེམས་སྤེལ་བྱས་པ་དེས། ཞང་ཀང་དང་ཨའོ་མོན་གྱི་ཀློག་མཁན་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་རྒྱུད་རིམ་ལྡན་པའི་སྒོ་ནས་རྒྱུས་ལོན་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞུང་ལུགས་མ་ལག་དང་ལག་ལེན་གྱི་བླང་བྱར་གོ་བ་ཟབ་མོ་ལེན་པར་ཕན་ཐོགས་ཡོད་ལ། ཞང་ཀང་དང་ཨའོ་མོན་གྱི་སྤུན་ཟླ་རྣམས་ལ་རྒྱལ་ཁབ་དང་མི་རིགས། རིག་གནས་བཅས་ཀྱི་ངོས་འཛིན་གཅིག་མཐུན་ཡོང་བར་ཁྲིད་སྟོན་བྱེད་པ་དང་། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་མཉམ་དུ་སེམས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་མཐུན་སྒྲིལ་འབད་འཐབ་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན།
ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིས་ཅ་ཁྲའོ་དང་། ཞང་ཀང་དུ་སྡོད་པའི་ཀྲུང་དབྱང་སྲིད་གཞུང་འབྲེལ་གཏུག་གཞུང་དོན་ཁང་གི་འགན་འཁུར་བློ་མཐུན། ཞང་ཀང་རྒྱལ་གཅེས་ཀང་གཅེས་སྒྲིག་གཞི་དང་། ཆབ་སྲིད་དང་ཚོགས་པའི་འཐུས་མི། དཔེ་སྐྲུན་ལས་རིགས་ཀྱི་འཐུས་མི་བཅས་དཔེ་དེབ་གསར་པ་འགྲེམ་སྤེལ་དང་པར་སྐྲུན་བཞུགས་མོལ་ཚོགས་འདུར་ཞུགས། ཞང་ཀང་མཛའ་བརྩེའི་མཐུན་ཚོགས་དང་། ཞང་ཀང་དང་ཀྲུང་གོའི་ཁེ་ལས་མཐུན་ཚོགས། ཞང་ཀང་སློབ་གསོའི་བྱ་བའི་མཉམ་འབྲེལ་ལྷན་ཚོགས་སོགས་འབྲེལ་ཡོད་འགན་འཁུར་བས་དཔེ་དེབ་གསར་པ་འགྲེམ་སྟོན་བྱེད་པའི་ཚོགས་འདུའི་སྟེང་དཔེ་སྤྱིན་དང་ལེན་བྱས། དཔེ་དེབ་གསུམ་གྱི་ཚུགས་རྙིང་པར་གཞི་ཉིན་དེ་ནས་བཟུང་། ཞང་ཀང་དང་ཨའོ་མོན་གྱི་དཔེ་ཚོང་ཁང་ཆེ་གྲས་ཁག་ཏུ་བཞག་ནས་འཚོང་འགྲེམ་བྱེད་རྒྱུ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།