ཟླ7པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས2024ལོའི་ཟླ་ཟུང་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་བསྡུས་ནས། མཐོ་སྒང་གི་ཁམས་གསོ་ཐོན་ལས་འཕེལ་རྒྱས་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པར་དམིགས་ནས་གྲོས་མོལ་སྲིད་གླེང་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་ཚོགས་འདུར་ཞུགས།
ཚོགས་ཐོག་ཏུ། ཝང་ཞོན་གྱིས་དུས་སྐབས་སྔོན་མའི་རྟོག་ཞིབ་གནས་ཚུལ་གྱི་སྙན་ཞུ་ཕུལ། ཀྲང་ཞིན་མེན་དང་དབྱང་ཡུང་ཆང་། ལིས་ཞོ། སུའུ་ཧའེ་ཧུང་། ཞུའུ་ཁྲུན། ལིས་ལིས་རོང་། རྡོ་རྗེ་བཅས་ཨུ་ཡོན་དང་ཆེད་མཁས་པ་དང་རིག་གནས་པ་བདུན་གྱིས་སྐས་རིམ་རང་བཞིན་གྱིས་མཐོ་སྒང་གི་ཁམས་གསོར་སྐུལ་འདེད་བཏང་ནས། ཤེས་ལྡན་མི་སྣ་གསུམ་སྐྱེད་སྲིང་བྱེད་པ་དང་། མཐོ་སྒང་གི་རྩོལ་ནུས་རང་བཞིན་གྱི་ཟས་རིགས་གསར་སྤེལ་ལ་དོ་སྣང་བྱེད་པ་དང་མཐོ་སྒང་གི་ཁམས་གསོའི་འགུག་ཤུགས་འགྲེམ་སྟོན་བྱེད་པ། ཟི་ལིང་གྲོང་ཁྱེར་གྱི་མཐོ་སྒང་ཁམས་གསོའི་ཁྱད་ལྡན་ཐོན་ལས་མཉམ་བསྲེས་ངང་འཕེལ་རྒྱས་སུ་གཏོང་བ། མཐོ་སྒང་གི་གསོ་རིག་ཐད་ནས་མཚོ་སྔོན་ལ་བལྟ་བ་དང་མཐོ་སྒང་གི་ཁམས་གསོ་ཐད་ནས་མཚོ་སྔོན་ལ་བལྟ་བ། མཐོ་སྒང་གི་དངུལ་གཏོང་ཐད་ནས་མཚོ་སྔོན་འདེམས་པའི་གླེང་ཕྱོགས་ཀྱི་སྣང་ཚུལ་བཟང་བོ་གྲུབ་པར་བྱེད་པ། ཚན་རྩལ་གྱིས་མཐོ་སྒང་གི་ཁམས་གསོ་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་འདེགས་སྐྱོར་བྱེད་པ། མཐོ་སྒང་གི་ཁམས་གསོ་ཐོན་ལས་ཐད་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་གྲོས་གཞི། མཐོ་སྒང་གི་གསོ་རིག་ལག་ལེན་ལ་ཟུང་འབྲེལ་བྱས་ནས་མཐོ་སྒང་གི་ཁམས་གསོ་ཐོན་ལས་འཕེལ་རྒྱས་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་ལ་སྐུལ་འདེད་གཏོང་བ་བཅས་ལ་དམིགས་ནས་སོ་སོར་གཏམ་བཤད་པ་མ་ཟད་གྲོས་གཞི་བཏོན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་ལན་འདེབས་གཏམ་བཤད་བྱས་ཏེ། ཐུན་མོང་གི་ལྟ་བ་ཇེ་བརྟན་དུ་གཏོང་བ་དང་བྱ་བར་སྐུལ་འདེད་གཏོང་བའི་དམིགས་འབེན་མངོན་འགྱུར་བྱས། ཧི་ལུའུ་ཁྲུན་གྱིས་ཨུ་ཡོན་དང་ཆེད་མཁས་པའི་གཏམ་བཤད་ལ་ཉན་རྗེས། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་གོ་རིམ་རྗེས་མའི་བྱ་བའི་ཐད་རེ་བ་བཏོན།
མགོན་པོ་བཀྲ་ཤིས་བསྟན་དོན། མཚོ་སྔོན་གྱི་ཐོན་ཁུངས་དགེ་མཚན་འབུར་དུ་ཐོན་པ་དང་མཐོ་སྒང་གི་གསོ་རིག་ཞིབ་འཇུག་ཐད་ནས་དགེ་མཚན་ཆེན་པོ་གྲུབ་ལ། མཐོ་སྒང་གི་ཁམས་གསོ་ཐོན་ལས་འཕེལ་རྒྱས་ཀྱི་འགོ་རྩོམ་པའི་དུས་རིམ་དུ། མཉམ་ཤུགས་གཅིག་ཏུ་བསྡུ་བ་དང་བསམ་བློ་གཅིག་གྱུར་བྱེད་པ་དང་། ཐོན་ལས་དང་ཤེས་ལྡན་མི་སྣའི་འཕེལ་རྒྱས་ཀྱི་འཆར་འགོད་གཏན་འབེབས་བྱེད་པ་དང་ཁུལ་གཉིས་དང་ས་ཁོངས་གཅིག་གི་མཐོ་སྒང་གི་ཁམས་གསོའི་ཐོན་ལས་གཙོ་བོའི་བཀོད་སྒྲིག་གྲུབ་པར་བྱས་ནས། རྨང་གཞི་སྒྲིག་ཆས་ཇེ་བརྟན་དུ་གཏོང་དགོས། གཙོ་གནད་གཙིགས་སུ་འཛིན་པ་དང་རྒྱུ་སྤུས་དང་ཕན་འབྲས་མཐོར་འདེགས་གཏོང་བ། ས་ཁུལ་སོ་སོའི་དགེ་མཚན་འདོན་སྤེལ་བྱེད་པ། ཁམས་གསོ་ཐོན་ལས་མ་ལག་འཛུགས་པ། གཙོ་བོར་མཐོ་སྒང་གི་ཁམས་གསོའི་ཞིང་ཕྱུགས་ལས་དང་བཟོ་སྐྲུན་ལས་རིགས། ཞབས་ཞུའི་ལས་རིགས་འཕེལ་རྒྱས་སུ་བཏང་སྟེ། ཁམས་གསོའི་ཐོན་ལས་ཀྱི་འདུ་ཚོགས་སྐོར་ཞིག་གསར་སྐྲུན་བྱེད་པ་དང་། དེ་དང་མཉམ་དུ་ཚན་རྩལ་གྱི་མཐོ་སྒང་ཁམས་གསོའི་ཐད་ཀྱི་འདེགས་སྐྱོར་གལ་ཆེན་དང་འགན་སྲུང་ནུས་པ་འདོན་སྤེལ་བྱེད་དགོས། གྲུབ་འབྲས་གཙིགས་སུ་འཛིན་པ་དང་དྲིལ་སྒྲོག་རྒྱ་ཆེར་བྱེད་པ་དང་། ཞིང་ཆེན་གྱི་གསར་འགྱུར་སྨྱན་བྱད་གཙོ་བོས་ཆུ་ཚད་མཐོ་བའི་དྲིལ་སྒྲོག་བཟང་བོར་བྱེད་པ་དང་། ཞིབ་འཇུག་གི་གྲུབ་འབྲས་རྒྱུན་མཐུད་ངང་དྲིལ་སྒྲོག་རྒྱ་ཆེར་བྱེད་པ། ཀྲུང་དབྱང་གི་སྨྱན་བྱད་ལ་མཐུན་སྦྱོར་བྱས་ནས་མཐོ་སྒང་གི་ཁམས་གསོ་ཐོན་ལས་འཕེལ་རྒྱས་སུ་གཏོང་ཆེད་སྣང་ཚུལ་བཟང་བོ་བསྐྲུན་པ་དང་ཤུགས་དང་ལྡན་པའི་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ། མཐོ་སྒང་གི་ཁམས་གསོའི་འདུ་ཤེས་ཀྱི་ཤན་ཤུགས་རྒྱ་སྐྱེད་པ། མཚོ་སྔོན་གྱི་གཏམ་རྒྱུད་དང་མཐོ་སྒང་གི་ཁམས་གསོའི་གཏམ་རྒྱུད་བཟང་བོར་བཤད་པ། མཐོ་སྒང་གི་ཁམས་གསོའི་ཐོན་ལས་ཐམ་སྐས་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་བཏང་ནས། མཚོ་སྔོན་གྱི་ལྗང་མདོག་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་གྲོས་གཞི་ཆེན་པོ་བཟང་བོར་འབྲི་དགོས།
རིན་ཆེན་མཚོས་བསྒྱུར།