ཟླ7པའི་ཚེས19ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་ནས་ཀྲི་ལིའི་གྲོས་དཔོན་ཁཱ་ལིས་ཨོ་ལཱ་དང་ཐུག་འཕྲད་བྱས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས19ཉིན་པེ་ཅིང་ནས་ཀྲི་ལིའི་གྲོས་དཔོན་ཁཱ་ལིས་ཨོ་ལཱ་དང་ཐུག་འཕྲད་བྱས།
ཝང་ཧུའུ་ཉིང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པོ་ལི་ཆི་ཡི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཀྲི་ལིའི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་ཟབ་མོ་བཏང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་གནས་བདེ་སྐྱིད་བསྐྲུན། ཀྲུང་གོས་ཀྲི་ལི་ཕྱོགས་དང་མཉམ་དུ། ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། མི་གཞུང་བརྗེ་རེས་སྤེལ་བ། ཕྱོགས་མང་འཐབ་ཇུས་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཀྲི་ལིའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་དུས་རབས་ཀྱི་གོ་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཀྲི་ལིའི་བར་གྱི་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་འཇོག་འདོད་ཡོད།
ཁཱ་ལིས་ཨོ་ལཱ་ཡིས་བསྟན་དོན། ཀྲི་ལིས་ཀྲུང་གོའི་བར་གྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲི་ལིས་ཀྲུང་གོ་གཅིག་གི་རྩ་དོན་དམ་སྲུང་བྱེད་པ་དང་། ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་བཟང་བོར་སློབ་སྦྱོང་དང་དཔེ་ལྟ་བྱེད་པ། རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་པའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་ཚན་རྩལ་དང་དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། ཀྲི་ལིའི་གྲོས་ཁང་གིས་རྒྱལ་ཁབ་གཉིས་ཀྱི་མཛའ་བརྗེ་དང་མཉམ་ལས་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་གཏོང་བའི་ཐད་བྱས་རྗེས་བཞག་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་འདོད་ཡོད།
ཧུའུ་ཁྲུན་ཧྭ་དང་ཝང་ཏུང་ཧྥིན་སོགས་ཐུག་འཕྲད་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།