ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནངས།
2024.07.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཀྲུང་གུང་ཀྲུང་དབྱང་གིས་ཟླ5བའི་ཚེས20ཉིན་ཀྲུང་ནན་ཧེ་ནས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཀྲུང་གུང་ཀྲུང་དབྱང་གིས་སྔར་ལས་ལྷག་པའི་སྒོ་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆོད་དོན་ལ་སྐུལ་འདེད་གཏོང་བའི་ཆོད་དོན་ཐད་ནས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་ལ་གསན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནངས་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་ཀྲུང་དབྱང་ཆབ་སྲིད་ཅུའི་གྲོས་ཚོགས་ཀྱིས་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུ་རྒྱུ་ཐག་བཅད་དེ། གཙོ་བོ་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་ཡོངས་ཀྱི་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་གཙོར་བཟུང་ནས་ཞིབ་འཇུག་དང་བཀོད་སྒྲིག་བྱེད་རྒྱུ་ཐག་གཅོད་བྱས། དེ་ནི་བཞུད་ལམ་གསར་བའི་སྟེང་ཏང་དང་རྒྱལ་ཁབ་ཀྱི་མདུན་དུ་ལྷགས་པའི་གནས་བབ་གསར་བ་དང་ལས་འགན་གསར་བར་དམིགས་ནས་བསམ་བློ་བཏང་བ་ཡིན་ལ། དམིགས་ཡུལ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་སྐབས་ཉི་ཤུ་པའི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་ཡོངས་ཀྱི་བཅོས་བསྒྱུར་ཟབ་སྤེལ་བྱེད་པར་ མ་ལག་ལྡན་པའི་སྒོ་ནས་འཆར་འགོད་དང་བཀོད་སྒྲིག་བྱས་ཏེ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་སྒུལ་ཤུགས་ཆེན་མོ་དང་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་ཆེད་ཡིན་ཞེས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ཝང་ཧུའུ་ཉིང་དང་། ཚེ་ཆི། ཏེན་ཞོས་ཞང་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲིན་ཅན་པང་དང་། དམངས་གཙོ་མནའ་འབྲེལ་ཀྲུང་དབྱང་གི་ཀྲུའུ་ཞི་ཏེན་ཀྲུང་ལིས། དམངས་གཙོ་རྒྱལ་འཛུགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧི་མེན་ཅིན། དམངས་གཙོ་སྐུལ་འདེད་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཚེ་ཏཱ་ཧྥུན། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧི་ཝེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙོ་ཅོན། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧི་ཝེ་ཧྭ། ཐེ་ཝན་མནའ་འབྲེལ་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧོས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཁག་གང་ལའང་མི་གཏོགས་པའི་འཐུས་མི་ཕུའུ་ཧྲི་ལུང་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད་སྤེལ། ཁོ་ཚོས་ཀྲུང་གུང་ཀྲུང་དབྱང་གི་སྔར་ལས་ལྷག་པའི་སྒོ་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆོད་དོན་མ་ཡིག་ལ་ཡིད་འཐད་ཡིན་པའི་ཚུལ་བསྟན་པ་དང་། གཅིག་གྱུར་སྒོས་བལྟས་ན། ཚན་རིག་དང་མཐུན་པར་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པར་འཆར་འགོད་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བ་དང་ལོ་རྒྱུས་ཀྱི་གནས་ཐིག་གསར་བའི་སྟེང་གི་བཅོས་བསྒྱུར་གྱི་མཛུབ་སྟོན་དགོངས་པ་དང་དམིགས་འབེན་རྩ་དོན། ལས་འགན་གཙོ་བོ་སོགས་གཏན་འཁེལ་གསལ་བོ་བྱས་ཡོད་པས། གཞུང་ལུགས་དོན་སྙིང་དང་ལག་ལེན་དོན་སྙིང་། དུས་རབས་ཀྱི་དོན་སྙིང་བཅས་གལ་ཆེན་ལྡན་པར་མ་ཟད། དཔལ་འབྱོར་གྱི་གསོན་ཤུགས་སྐུལ་སྤེལ་དང་ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་པ། མི་གྲངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐོན་སྐྱེས་ནུས་ཤུགས་གསར་མའི་འཕེལ་རྒྱས། སྨན་བཅོས་འཕྲོད་བསྟེན་སྒྲིག་ལུགས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། འཇོན་མིའི་གསོ་སྐྱོང་གི་རྐྱེན་སྲོལ་རང་བཞིན་གྱི་བཀག་རྒྱ་གཏོར་བ། ཚན་རྩལ་གསར་གཏོད་དང་འཚམ་པའི་ཚན་རྩལ་དངུལ་ལོར་མ་ལག་འཛུགས་པ། རྒྱལ་དབང་ཁེ་ལས་དང་དམངས་གཉེར་ཁེ་ལས་ཀྱི་རོགས་ལས་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། མཚོ་འགག་འགྲམ་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཐད་ཀྱི་ཐད་བསམ་འཆར་དང་གྲོས་གཞི་བཏོན་ཡོད་པར་འདོད།

ཚང་མའི་གཏམ་བཤད་ལ་ནན་ཏན་གྱིས་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནངས། ཁོང་གིས་ཐོག་མར་ཀྲུང་གུང་ཀྲུང་དབྱང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནས་སྔར་ལས་ལྷག་པའི་སྒོ་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་ལ་ཞིབ་འཇུག་བྱེད་པའི་བསམ་གཞིགས་དང་ཡིག་ཆའི་རྩོམ་འབྲིའི་གནས་ཚུལ་མཚམས་སྦྱོར་མཛད། ཁོང་གིས་བསྟན་དོན། དམངས་གཙོ་དར་སྤེལ་དང་བློ་གྲོས་གཅིག་བསྡུས། ཕྱོགས་སོ་སོའི་བསམ་འཆར་ལ་རྒྱ་ཆེར་གསན་པ་བཅས་ནི་ཀྲུང་གུང་ཀྲུང་དབྱང་གིས་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་པ་དང་། གྲོས་ཚོགས་གལ་ཆེན་གྱི་ཡིག་ཆ་གཏན་འབེབས་བྱེད་པའི་ནམ་རྒྱུན་གྱི་བྱེད་ཐབས་ཤིག་དང་སྲོལ་རྒྱུན་བཟང་བོ་ཞིག་ཡིན། ན་ནིང་ཟླ12པར། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་མངག་བཅོལ་བྱས་ཏེ་ཆེད་དུ་ཏང་ཕྱིའི་མི་སྣའི་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་གྲོས་གཞི་སྐོར་གྱི་བསམ་འཆར་དང་གྲོས་གཞི་འཚོལ་སྡུད་བྱས་ཤིང་། ཚང་མས་དུས་རབས་གསར་བར་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་ལག་ལེན་ཉམས་མྱོང་དང་། སྔར་ལས་ལྷག་པའི་སྒོ་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་སྤྱིའི་དམིགས་འབེན་དང་བརྩི་སྲུང་བྱ་དགོས་པའི་རྩ་དོན་གལ་ཆེན། ཁྱབ་ཁོངས་སོ་སོ་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་དམིགས་འབེན་ལས་འགན་དང་བྱེད་ཐབས་གལ་ཆེན། ཏང་ཕྱིའི་མི་སྣའི་བཅོས་བསྒྱུར་ཟབ་སྤེལ་ཁྲོད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་གཞི་མི་ཉུང་བ་བཏོན། ཚང་མས་ད་སོ་མ་བསམ་འཆར་དང་གྲོས་གཞི་བཟང་བོ་བཏོན་པ་དང་། ང་ཚོས་ནན་ཏན་གྱིས་ཞིབ་འཇུག་བྱས་ནས་བསྡུ་ལེན་བྱེད་ངེས་ཡིན་ཞེས་གསུངས། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་དེ་ཚང་མར་བཀའ་དྲིན་ཞུས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པར་གནད་དོན་ལ་གདོང་གཏོད་དགོས། གནད་དོན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་གནད་དོན་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ། འཕེལ་རྒྱས་དགོས་མཁོར་དམིགས་པ། དམངས་ཀྱི་འདོད་བློར་བསྟུན་པ། ཤུགས་ཆེན་པོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚད་བཀག་བྱེད་པའི་གནད་དོན་གཙོ་བོ་དང་སྤྱི་ཚོགས་ཀྱི་འདྲ་མཉམ་དང་དྲང་བདེན་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་གལ་ཆེན། དམངས་འཚོའི་ཐད་ཀྱི་དཀའ་གནད། ཏང་གི་འཛུགས་སྐྲུན་གྱི་འབུར་ཐོན་གནད་དོན། ཁྱབ་ཁོངས་སོ་སོའི་ཉེན་ཁའི་གནད་དོན་བཅས་ཐག་གཅོད་བྱས་ནས། བཅོས་བསྒྱུར་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། རྩ་ལག་མཉམ་བཅོས་དང་རྩ་བཅོས་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། མུ་མཐུད་དུ་ཕྱོགས་ཡོངས་ཐད་ཤུགས་སྣོན་བྱས་ནས་བཅོས་བསྒྱུར་བྱེད་ཐབས་དེས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དགོས་མཁོའི་ཐག་གཅོད་བྱེད་དགོས་པའི་འབུར་ཐོན་གནད་དོན་ལ་ཁེབས་པར་བྱེད་དགོས་པར་མ་ཟད། ཟབ་སྤེལ་ཐད་ཤུགས་བཏོན་ནས་དཔལ་འབྱོར་སྒྲིག་ལུགས་ཀྱི་གཙོ་གནད་འབུར་དུ་ཐོན་པ་དང་། ཤུགས་ཆེན་པོས་གཏིང་ཟབ་སའི་རྐྱེན་སྲོལ་བཀག་རྒྱ་དང་གྲུབ་ཚུལ་རང་བཞིན་གྱི་འགལ་བ་མེད་པར་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་ཡོངས་ཀྱི་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་ཐུན་མོང་ངོས་འཛིན་ཇེ་དྲག་ཏུ་གཏོང་དགོས། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་བརྩོན་སེམས་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སློང་གང་ལེགས་བྱེད་པ་དང་། བསམ་པའི་འཁྱེར་སོ་གཅིག་འདྲ་ཡིན་པ་དང་ཤུགས་འདོན་ས་གཅིག་མཚུངས་ཡིན་པར་བྱེད་དགོས། རྟོག་དཔྱོད་དང་ཞིབ་འཇུག་དར་སྤེལ་བྱས་ཤིང་། མང་ཚོགས་ཀྱི་ལམ་ཐིག་ཏུ་བསྐྱོད་དེ་དགོས་མཁོ་འདྲི་བ་དང་། དམངས་དོན་དུ་ཇུས་འདོན་བྱེད་པ། གཞི་རིམ་དང་མང་ཚོགས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱས་ཏེ། མང་ཚོགས་ཀྱི་བྲེལ་དཀའ་ཁྲེལ་སྒུག་ཁྲོད་ནས་བཅོས་བསྒྱུར་གྱི་ཤུགས་འདོན་ས་དང་བརྒལ་གཏོར་བྱེད་ས་འཚོལ་ཞིབ་བྱེད་པར་དོ་སྣང་བྱས་ནས། མང་ཚོགས་ཀྱི་ཐོབ་ཚོར་དང་ངོས་ལེན་གྱི་ཚད་ཇེ་དྲག་ཏུ་གཏོང་དགོས། དམངས་གཙོ་དར་སྤེལ་གཏོང་བ་དང་བློ་གྲོས་གཅིག་སྡུད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། བཅོས་བསྒྱུར་ཐབས་ཇུས་ཀྱི་ཚན་རིག་རང་བཞིན་དང་བཅོས་བསྒྱུར་དངོས་འབེབས་བྱེད་པའི་ལག་བསྟར་ནུས་པ་ཇེ་དྲག་ཏུ་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བཅོས་བསྒྱུར་ལ་འཆར་འགོད་དང་སྐུལ་འདེད་བཏང་ནས་ངེས་པར་དུ་མ་ལག་ལྟ་བ་དང་ཆེ་ཕྱོགས་ལྟ་བ་རྒྱུན་འཁྱོངས་བྱས་ཤིང་། འཐབ་ཇུས་འདུ་ཤེས་དང་རྩོད་སྒྲུབ་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་བ་དང་། གཙོ་ཕལ་དལ་བྲེལ་དགར་ཏེ། སྔར་ལས་ལྷག་པའི་སྒོ་ནས་མ་ལག་གཅིག་འདུས་ལ་དོ་སྣང་བྱེད་དགོས། བཅོས་བསྒྱུར་བྱེད་ཐབས་ཀྱི་མཐུན་སྦྱོར་འཐུས་ཚང་ལ་ཤུགས་སྣོན་པ་དང་། ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོའི་བཅོས་བསྒྱུར་ལ་དུས་མཉམ་དུ་སྐུལ་འདེད་བཏང་ནས་སྤྱིའི་འགན་ནུས་ཇེ་དྲག་ཏུ་གཏོང་དགོས། འབྲེལ་ཡོད་ས་གནས་དང་འབྲེལ་ཡོད་སྡེ་ཁག འབྲེལ་ཡོད་ཁྱབ་ཁོངས་བཅས་སུ་བཅོས་བསྒྱུར་གྱི་འདྲིལ་ཤུགས་ཆགས་པར་བྱས་ཏེ། ལས་རིགས་སོ་སོས་རང་རང་ས་ནས་བྱ་སྤྱོད་སྤེལ་བ་དང་ཕན་ཚུན་རོགས་ལས་མི་བྱེད་པའི་གནད་དོན་ལ་མཐའ་གཅིག་ཏུ་སྔོན་འགོག་དང་ཁྱད་བསལ་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་བསྟན་དོན། བཅོས་བསྒྱུར་གྱིས་འཆར་འགོད་གཙོར་བཟུང་ནས་དངོས་འབེབས་དམ་འཛིན་བྱེད་དགོས། གཟེར་རྡེབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཡང་དག་པའི་ཆབ་སྲིད་གྲུབ་འབྲས་ལྟ་བ་ལག་བསྟར་བྱས་ཏེ། དོན་དངོས་ལ་རྟོག་ཞིབ་དང་བྱེད་ཐབས་དངོས་བཏོན་ནས། ཕན་འབྲས་ངོ་མ་བརྩོན་ལེན་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་མཐའ་གཅིག་ཏུ་སྔོན་འགོག་དང་ཁྱད་བསལ་བྱེད་དགོས་ལ། ཕྱི་ཚུལ་ཙམ་གྱི་སྣང་བརྙན་བཟོ་སྐྲུན་དང་དམངས་ལ་གནོད་ཅིང་གྱོང་གུད་ཆེ་བའི་ཆབ་སྲིད་གྲུབ་འབྲས་ཀྱི་བཟོ་སྐྲུན་གནད་སར་འཛིན་མི་རུང་། ལག་བསྟར་ཇུས་གཞི་གཏན་འབེབས་བྱས་ནས་ཡང་དག་པར་ཐབས་ཇུས་ལག་བསྟར་དང་དུས་དང་ཚད་རན་པར་བྱེད་པ། རང་ནུས་ཅི་ལྕོགས་བྱེད་པ་ལས་དོན་དངོས་ལས་བརྒལ་དུ་འཇུག་མི་རུང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་གཞི་གདངས་རྒྱུན་འཁྱོངས་བྱེད་པ་དང་། སྔོན་ལ་འཛུགས་པ་དང་རྗེས་ནས་བརྟོལ་བར་དོ་སྣང་བྱེད་པ་ལས་མ་བཙུགས་གོང་ནས་བརྟོལ་་མི་རུང་། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་འགན་འཁྲི་དངོས་འབེབས་གང་ལེགས་བྱས་ཏེ། རིམ་པ་སོ་སོའི་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་བཅོས་བསྒྱུར་དངོས་འབེབས་ནུས་པ་དང་ཆུ་ཚད་མཐོར་འདེགས་བཏང་ནས། ཏང་ཀྲུང་དབྱང་གི་བཅོས་བསྒྱུར་ཐབས་ཇུས་ཀྱི་བཀོད་སྒྲིག་ལ་ཕན་འབྲས་དངོས་ཐོབ་པར་ཁག་ཐེག་བྱེད་དགོས་ཞེས་གསུངས།

ལིས་ཀན་ཅེ་དང་། ལིས་ཧྲུའུ་ལེ། ལིས་ཧོང་ཀྲུང་། ཧི་ལི་ཧྥུན། ཀྲང་གོ་ཆིན། ཁྲིན་ཝུན་ཆིན། ཝང་ཞའོ་ཧོང་། མུའུ་ཧོང་། དེ་མིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་སོགས་བཞུགས་མོལ་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུར་ཞུགས་པའི་ཏང་ཕྱིའི་མི་སྣར་ད་རུང་ཧྲའོ་ཧོང་དང་། ཧི་པའོ་ཞང་། ཝང་ཀོང་ཆན། ཆིན་པའོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲིན། ཀྲང་ཨིན་ཏིས། ཅེ་ལེ་ཕེང་། ཧྥང་ཀོང་ཧྭ། དབྱང་ཧྭ་ཡུང་སོགས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།