ཟླ7པའི་ཚེས19ཉིན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཏང་ཕྱིའི་མི་སྣའི་ཁྱབ་བསྒྲགས་ཚོགས་འདུ་བསྡུས་ནས། ཏང་ཕྱིའི་མི་སྣར་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཁྱབ་བསྒྲགས་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་ཡིས་ཚོགས་དུར་མགོ་འཛིན་བྱས་ནས་གཏམ་བཤད།
ཚོགས་ཞུགས་ཏང་ཕྱིའི་མི་སྣས་ཚང་འཛོམས་གྲོས་ཚོགས་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཚ་རླབས་གསར་པ་འཕྱུར་བའི་སྐབས་སུ་བསྡུས་པའི་ཚོགས་འདུ་ཤིན་ཏུ་གལ་ཆེན་ཞིག་ཡིན་པར་བསྟན། མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་གུས་བཀུར་གྱི་བསམ་པ་དང་། དྲིན་གཟོའི་བསམ་པ། གཅེས་གུས་ཀྱི་བསམ་པ། མདུན་སྐྱོད་ཀྱི་ཕུགས་བསམ་བཅས་ལ་བརྟེན་ནས། ཀྲུང་གོའི་གུང་ཁྲན་ཏང་གི་ཇུས་འདོན་པ་ཡག་པོ་དང་ལག་རོགས་ཡག་པོ། ལས་གྲོགས་ཡག་པོ་བཅས་ཀྱི་འགན་ཁུར་མཐའ་གཅིག་ཏུ་ཁུར་ཏེ་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། རྡོག་རྩ་གཅིག་སྒྲིལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ་སྔར་ལས་འབད་བརྩོན་ཆེན་པོས་བྱ་བ་སོ་སོ་ཡག་པོར་བསྒྲུབས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཀོད་པའི་རླབས་ཆེན་གྱི་འཆར་འགོད་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་བྱེད་དགོས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཟུང་འབྲེལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་ཟུང་འབྲེལ་བྱས་ཏེ། “ངོས་འཛིན་གཏིང་ཟབ་དྲུག”གི་ཐད་ཤུགས་འདོན་པ་དང་། རང་རྟོགས་ཀྱིས“མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི”འགན་འཁྲི་ཁུར་ནས། ཞིང་ཆེན་ཏང་ཨུའི་འབོད་སྐུལ་ཧུར་ཐག་གིས་དང་ལེན་བྱས་ཏེ། ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས། དགོས་གཏུག་གི་འདུ་ཤེས་བཅས་ལ་བརྟེན་ནས་ལག་བསྟར་བྱེད་མཁན་དང་། བྱ་སྤྱོད་སྤེལ་མཁན། དངོས་སྒྲུབ་མཁན་བཅས་བྱས་ཏེ་རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མིས་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་པ་དང་། དྲིན་ཚོར་འབད་བརྩོན་དང་མི་སེམས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས། མཉམ་དུ་མཐུན་སྒྲིལ་འབད་བརྩོན་གྱིས་མཉམ་ཤུགས་ཆེན་པོ་ཆགས་པར་བྱས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་འཐབ་ཕྱོགས་གཅིག་གྱུར་གྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།
ཝང་ཞོན་དང་མཱ་ཡོའེ་ཞང་ཚོགས་འདུར་ཞུགས། དམངས་གཙོའི་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བློ་མཐུན། ཏང་ཁག་གང་ལའང་མི་གཏོགས་པ་དང་། དམངས་གཉེར་དཔལ་འབྱོར་དང་མི་རིགས་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་སོགས་ཚོགས་འདུར་ཞུགས།
གཡང་འབུམ་རྒྱལ་གྱིས་བསྒྱུར།