ཟླ7པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲི་ལིའི་གྲོས་ཁང་གི་གྲོས་དཔོན་ཁཱ་ལིས་ཨོ་ལཱ་དང་གྲོས་མོལ་མཛད།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས19ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲི་ལིའི་གྲོས་ཁང་གི་གྲོས་དཔོན་ཁཱ་ལིས་ཨོ་ལཱ་དང་གྲོས་མོལ་མཛད།
ཀྲའོ་ལི་ཅི་ཡིས། ན་ནིང་གི་ཟླ་བཅུ་པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་འཚམས་འདྲི་བྱེད་པར་ཡོང་བའི་ཙུང་ཐུང་པོ་ལི་ཆི་དང་གྲུབ་འབྲས་ལྡན་པའི་གྲོས་མོལ་མཛད་དེ། དུས་རབས་གསར་བའི་ཀྲུང་གོ་དང་ཀྲི་ལིའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་འཆར་གཞི་བཀོད། ཀྲུང་གོས་ཀྲི་ལི་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་ཐུན་མོང་གི་ལྟ་བ་ལག་བསྟར་བྱེད་པ་དང་། སྲོལ་རྒྱུན་གྱི་མཛའ་བརྩེ་རྒྱུན་འཛིན་བྱེད་པ། མཉམ་ལས་ཀྱི་ཆུ་ཚད་མཐོར་འདེགས་བཏང་ནས། ཀྲུང་གོ་དང་ཀྲི་ལིའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་གོ་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ཟེར།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲི་ལི་ནི་ཀྲུང་གོ་གསར་བའི་བར་འབྲེལ་བ་བཙུགས་པའི་ཨ་མེ་རུ་ཁ་ལྷོ་ཁའི་རྒྱལ་ཁབ་ཐོག་མ་ཡིན། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་ཆེས་སེམས་ཁུར་བྱེད་པར་མུ་མཐུད་དུ་རྒྱབ་སྐྱོར་བརྟན་པོ་བྱེད་དགོས། འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་དགོས། མི་གཞུང་བརྗེ་རེས་དམ་ཟབ་ཏུ་གཏོང་བ་དང་། ཕན་ཚུན་རྒྱུས་ལོན་བྱེད་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་གྱི་དམངས་ཀྱི་འདོད་བློའི་རྨང་གཞི་རྒྱུན་མ་ཆད་པར་ཇེ་བརྟན་དུ་གཏོང་དགོས། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པ་དང་། འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོབ་བྱས་ཏེ། ཕྱོགས་མང་རིང་ལུགས་ངོ་མ་དང་རང་དབང་ཉོ་ཚོང་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས།
ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ཀྲི་ལིའི་རྒྱལ་ཚོགས་བར་གྱི་མཉམ་ལས་ལ་ཤུགས་བསྣན་ནས། ཁྲིམས་འཛུགས་ལས་ཁུངས་ཀྱི་རིམ་པ་སོ་སོའི་མཛའ་མཐུན་འགྲོ་འོང་ཇེ་ཟབ་ཏུ་གཏོང་དགོས། ཁྲིམས་འཛུགས་ལས་ཁུངས་ཀྱི་འགན་ནུས་འགན་འཁྲི་ལ་རྐང་འཛུགས་པ་དང་། ཁྲིམས་འཛུགས་ལྟ་སྐུལ་སོགས་ཁྱབ་ཁོངས་ནས་ཕན་ཚུན་སློབ་སྦྱོང་དང་དཔེ་ལྟ་བྱེད་པ། དུས་ཐོག་ཏུ་ཆོག་མཆན་འགོད་པར་མ་ཟད་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཀྱི་བཅའ་ཁྲིམས་ཡིག་ཆ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། འདྲ་མཉམ་དང་གསལ་བསྒྲགས། སྣང་ཆུང་མི་བྱེད་པའི་ཚོང་གཉེར་ཁོར་ཡུག་བསྐྲུན་པར་སྐུལ་འདེད་བཏང་ནས། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཐད་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།
ཀྲའོ་ལི་ཅི་ཡིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས། ཁོས་བསྟན་དོན། ཀྲུང་གོ་དང་ཀྲི་ལིས་བཅོས་བསྒྱུར་སྒོ་འབྱེད་ཀྱི་ཉམས་མྱོང་བརྗེ་རེས་དང་དཔེ་ལྟ་བྱེད་པར་ཤུགས་སྣོན་པ་དང་། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད།
ཁཱ་ལིས་ཨོ་ལཱ་ཡིས་བསྟན་དོན། ཀྲི་ལི་ཡིས་ཀྲུང་གོ་གཅིག་གི་རྩ་དོན་གོང་བཀུར་ལག་བསྟར་བྱེད་ཀྱིན་ཡོད། ཀྲི་ལིའི་སྲིད་ཏང་སོ་སོ་དང་སྤྱི་ཚོགས་ལས་རིགས་སོ་སོས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་ནས་གཅིག་གྱུར་མཐོན་པོ་བྱེད་པ་དང་། སང་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ང་ལྔ་འཁོར་བའི་ལོ་ཡིན་པ་དང་། ཀྲི་ལིའི་གྲོས་ཁང་ཆེན་མོས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་མཐའ་མཐུན་འགྲོ་འོང་ལ་ཤུགས་སྣོན་པ་དང་། ཁྲིམས་འཛུགས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་པ། རྒྱལ་ཁབ་གཉིས་ཀྱི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་དཔལ་འབྱོར། རིག་གནས། ཚན་རྩལ་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།
ཧི་ཝེ་གྲོས་མོལ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།