ཞི་ཅིན་ཕིང་གིས་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་སྐུ་གཤེགས་པར་མྱ་ངན་ཞུས།
2024.07.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 172

ཟླ7ཚེས20ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་སྟེང་།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཡའོ་ནན་གྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཁང་དུ་ཕེབས་ནས། ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་སྐུ་གཤེགས་པར་མྱ་ངན་ཞུས།

ཟླ7ཚེས20ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་སྟེང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཡའོ་ནན་གྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཁང་དུ་ཕེབས་ནས། ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་སྐུ་གཤེགས་པར་མྱ་ངན་ཞུས།

ཞི་ཅིན་ཕིང་ཡའོ་ནན་གྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཁང་གི་མྱ་ངན་ཞུ་བའི་ཚོམས་ཆེན་དུ་ཕེབས།    ཚོམས་ཆེན་དུ་རོན་ཧྥུའུ་ཀྲུང་གི་སྐུ་བརྙན་བཀལ་ཡོད།  ཞི་ཅིན་ཕིང་དང་ལིས་ཆང་།  ཀྲའོ་ལི་ཅི། ཝང་ཧུའུ་ཉིན།  ཚའེ་ཆི།  ཏེན་ཞུའེ་ཞང་། ལིས་ཞིས་བཅས་ཀྱིས་མེ་ཏོག་གི་ཕྲེང་བ་ཕུལ་བ་དང་། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན།  རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་དང་ཀྲུང་དབྱང་མཉམ་འབྲེལ་པུའུ། ཕྱི་འབྲེལ་པུའུ། རྒྱལ་སྲུང་པུའུ། པེ་ཅིང་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་མི་དམངས་ཚོགས་པ་བཅས་ཀྱིས་ཕུལ་བའི་མེ་ཏོག་གི་ཕྲེང་བ་སྐུ་བརྙན་གྱི་མདུན་དུ་བཞག་ཡོད།

ཞི་ཅིན་ཕིང་རོན་ཧྥུའུ་ཀྲུང་གི་སྐུ་བརྙན་གྱི་མདུན་དུ་ཕེབས་ནས་མྱ་ངན་ཞུས་པ་དང་སྐུ་བརྙན་ལ་གུས་འདུད་ཐེངས་གསུམ་ཞུས་པར་མ་ཟད། མྱ་ངན་ཞུ་དེབ་ཀྱི་སྟེང་དུ་མྱ་ངན་ཞུ་ཚིག་དང་མཚན་མིང་བཀོད།

ཞི་ཅིན་ཕིང་གིས་བསྟན་དོན། བློ་མཐུན་རོན་ཧྥུའུ་ཀྲུང་ནི་བློ་བརྟན་འགྱུར་མེད་ཀྱི་མར་ཁེ་སི་རིང་ལུགས་པ་དང་ཡའོ་ནན་གུང་ཁྲན་ཏང་དང་ཡའོ་ནན་མི་དམངས་ཀྱི་རླབས་ཆེན་མགོ་ཁྲིད་པ་ཞིག་ཡིན། ཁོང་གིས་མི་ཚེ་གང་བོའི་སེམས་ཤུགས་དེ་ཡའོ་ནན་ཏང་དང་རྒྱལ་ཁབ་དང་། ཡའོ་ནན་མི་དམངས།  ཡའོ་ནན་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་ཆེད་དུ་ཕུལ་བ་དང།  ཡའོ་ནན་གྱི་ཏང་ཡོངས་དང་དམག་ཡོངས།  རྒྱལ་ཡོངས་མི་དམངས་བཅས་ཀྱི་བརྩི་བཀུར་དང་གོང་བཀུར་ཐོབ་ཡོད། ལོ་བཅུ་ལྷག་ཙམ་གྱི་རིང་ལ། ང་དང་བློ་མཐུན་རོན་ཧྥུའུ་ཀྲུང་གཉིས་ཀྱིས་འགྲོ་འོང་ ཟབ་མོ་བྱས་ནས་ཕན་ཚུན་བར་བློ་མཐུན་གྱི་བརྩེ་བ་ཟབ་མོ་ཆགས་ཡོད། ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པ་ཞིག་ནི།  ན་ནིང་ང་ཚོས་མཉམ་དུ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡའོ་ནན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་དེ་ཡིན། བློ་མཐུན་རོན་ཧྥུའུ་ཀྲུང་སྐུ་གཤེགས་པའི་དབང་གིས་ང་ཚོར་ཀྲུང་གོ་དང་ཡའོ་ནན་གྱི་འབྲེལ་བར་སྐུལ་འདེད་གཏོང་མཁན་ཞིག་དང་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ལམ་དུ་མཉམ་སྐྱོད་བྱེད་མཁན་གྱི་ལས་གྲོགས་བཟང་བོ་ཞིག་མེད་པར་གྱུར་པས་ང་ཚོའི་སེམས་པ་ཧ་ཅང་སྐྱོ་ཡོད།   བློ་མཐུན་རོན་ཧྥུའུ་ཀྲུང་གིས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་ལས་འགུལ་བྱ་གཞག་ཐད་ཕུལ་བའི་ཕུལ་བྱུང་བྱས་རྗེས་དེ་ང་ཚོས་ནམ་ཡང་ཡིད་ནས་བརྗེད་མི་སྲིད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཡའོ་ནན་གུང་ཁྲན་ཏང་གིས་མཐུན་སྒྲིལ་གྱིས་ཡའོ་ནན་མི་དམངས་ཀྱི་སྣེ་ཁྲིད་ནས་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུར་བསྐྱོད་པར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་འོག    ཡའོ་ནན་མི་དམངས་ཀྱིས་སྡུག་བསྔལ་དེ་སྟོབས་ཤུགས་སུ་བསྒྱུར་ནས་གསར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་ཁྲོད་སྔར་ལས་གྲུབ་འབྲས་ཆེན་པོ་ལེན་ཐུབ་པ་ང་ལ་ཡིད་ཆེས་ཡོད།  ཀྲུང་གོ་དང་ཡའོ་ནན་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མཉམ་དུ་འབད་བརྩོན་བྱས་ནས།  ཀྲུང་གོ་དང་ཡའོ་ནན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཐུབ་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད།

ཀྲུང་གོར་སྡོད་པའི་ཡའོ་ནན་གྱི་གཞུང་ཚབ་ཆེན་མོ་ཧྥན་ཞིན་མའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མྱ་ངན་ཞུ་བར་ཕེབས་པ་དང་།  ཀྲུང་གུང་ཀྲུང་དབྱང་གིས་དུས་སྐབས་དང་པོར་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་བ་དེའི་སྟེང་ནས། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཡའོ་ཀྲུང་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་པ་མཚོན་ཞིང་།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་རོན་ཧྥུའུ་ཀྲུང་ལ་དམིགས་བསལ་གྱི་བརྩེ་དུང་བཅངས་ཡོད་པ་མཚོན་ཡོད།   དེ་ཡིས་ཡའོ་ནན་ཕྱོགས་ལ་སེམས་འགུལ་ཆེན་པོ་ཐེབས་པ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཟེར།  བློ་མཐུན་རོན་ཧྥུའུ་ཀྲུང་སྐུ་འཚོ་བཞུགས་སྐབས་སུ་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་ནས།  ཡའོ་ནན་དང་ཀྲུང་གོའི་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སེམས་ཤུགས་ཆེན་པོ་བཏོན་ནས་བྱས་རྗེས་ཧ་ཅང་ཆེན་པོ་བཞག་ཡོད། ཡའོ་ནན་ཕྱོགས་ཀྱིས་བློ་མཐུན་རོན་ཧྥུའུ་ཀྲུང་གི་ཕུགས་འདུན་རྒྱུན་འཛིན་བྱས་ཏེ་ཡའོ་ནན་དང་ཀྲུང་གོ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་བར་བཞག་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས།  ཀྲུང་གོའི་བར་གྱི་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཡའོ་ནན་གྱི་ཕྱི་ཕྱོགས་སྲིད་ཇུས་ཀྱི་འཐབ་ཇུས་གདམ་ག་དང་པོར་བརྩི་བར་རྒྱུན་འཁྱོངས་བྱས་ཏེ།  འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཡའོ་ནན་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཚའེ་ཆི་དང་ཝང་དབྱི་སོགས་མྱ་ངན་ཞུ་བའི་བྱ་འགུལ་ལ་ཞུགས།

གཡང་འབུམ་རྒྱལ་གྱིས་བསྒྱུར།