རྒྱལ་ཡོངས་སྲིད་གྲོས་ཀྱིས2024ལོའི་ལོ་སྟོད་ཀྱི་སྤྱི་ཁོག་དཔལ་འབྱོར་གནས་བབ་དབྱེ་ཞིབ་བཞུགས་མོལ་ཚོགས་འདུ་བསྡུས།
2024.07.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ7པའི་ཚེས22ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་དུ2024ལོའི་ལོ་སྟོད་ཀྱི་སྤྱི་ཁོག་དཔལ་འབྱོར་གནས་བབ་དབྱེ་ཞིབ་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་།    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིན་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།

ཚེས22ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་དུ2024ལོའི་ལོ་སྟོད་ཀྱི་སྤྱི་ཁོག་དཔལ་འབྱོར་གནས་བབ་དབྱེ་ཞིབ་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་།    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།  ཁོང་གིས་བསྟན་དོན། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་དགོངས་པ་གསར་པ་དང་ལྟ་བ་གསར་པ།    ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་བཅོས་སྒྱུར་ཀྱི་ཁ་ཕྱོགས་བརྟན་པོ་དང་།    བཅོས་སྒྱུར་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ།    བཅོས་སྒྱུར་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ།    སྔར་ལས་ལྷག་པའི་སྒོ་ནས་རང་འགུལ་གྱིས་བསམ་བློ་དང་བྱ་སྤྱོད་ཀྲུང་གུང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས། དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་བཀོད་སྒྲིག་གལ་ཆེན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོར་དམིགས་ནས་མུ་མཐུད་དུ་ཞིབ་འཇུག་གཏིང་ཟབ་བྱས་ཏེ།    གནད་ལ་འཁེལ་བ་དང་དངོས་སྒྲུབ།    གོ་ཆོད་པ་བཅས་ཀྱི་ཐབས་ཇུས་དང་གྲོས་འགོ་མང་ཙམ་བཏོན་ནས།    བཅོས་སྒྱུར་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་རོགས་རམ་བྱས་ཏེ།    འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་སྔར་ལས་ལེགས་པོར་བསྐྲུན་དགོས།     ཀྲུང་གུང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ནས་སྔོན་དཔག་བརྟན་པོ་ཡོང་བ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་བྱ་བ་ཡག་པོ་བསྒྲུབས་ཏེ། ཀྲུང་གོའི་དཔལ་འབྱོར་གྱི་གནས་བབ་བཟང་བོ་དྲིལ་བསྒྲགས་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་བར་རོགས་རམ་བྱེད་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཆེད་མཁས་པ་མའོ་ཝེ་དང་།  མཱ་ཅན་ཐང་།    དབྱི་ཀང་།    ཝུའུ་ཧྥུའུ་ལིན།    ཧོང་ཆོན་ཧོས།    ལིག་ཡུང་ཧའོ།    ལིན་ཅེ།    སུང་ཡུང་ཚའེ།    ཝང་དབྱི་མིན།    ཧྲི་དབྱི་ཀུང་སོགས་ཀྱིས་གཏམ་བཤད། རྒྱུ་ཆེའི་ཁྲོམ་ར་ཅན་གྱི་སྒྲིག་ཆས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་།    ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ།    མིས་བཟོས་རིག་ནུས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།    རྒྱལ་དབང་མ་རྩ་དང་ཀྲུང་དབྱང་ཁེ་ལས་ཀྱི་གསར་གཏོད་ལེགས་ཆ་འདོན་སྤེལ་བྱེད་པ།    དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ནང་མཁོ་རྒྱ་བསྐྱེད་པ། ཁྲལ་བསྡུ་དང་དངོས་པོའི་རིན་གོང་བརྟན་པོར་གཏོང་བ། དངུལ་རྩ་དང་ཉོ་འཚོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ཀྱི་གནད་དོན་ལ་དམིགས་ནས་གྲོས་མོལ་དང་གྲོས་འགོ་བཏོན།     ཚང་མས་བལྟས་ན། ད་ལོ་ནས་བཟུང་རང་རྒྱལ་གྱི་རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་ཡག་པོ་ཡོང་བ་དང་།    དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་པོའི་ཁྲོད་ཡར་རྒྱས་བྱུང་བ།   ཐོན་སྐྱེད་ནུས་ཤུགས་གསར་མ་གསོ་སྐྱོང་ཇེ་མགྱོགས་སུ་གཏོང་བ།    སྒུལ་ནུས་གསར་པ་མགྱོགས་མྱུར་འཚར་ལོངས་བྱུང་བ།    སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འབྲས་བུ་གསར་བ་བཅས་བླངས་ཡོད་པས།    ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ།    བཅོས་སྒྱུར་ལ་བརྟེན་ནས་འཕེལ་རྒྱས་དང་། གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ།    རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་ཡག་པོ་ཡོང་བར་སྐུལ་འདེད་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥིན་གྱིས་ཚོགས་འདུར་མགོ་འཛིན་མཛད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་དང་།    ཝང་ཡུང་།    ཀའོ་ཡུན་ལུང་།    མུའུ་ཧུང་།    ཞན་ཧུའེ།    ཝང་ཏུང་ཧྥིན།    ཅང་ཙའོ་ཅུན་བཅས་ཚོགས་འདུར་ཞུགས།     རྒྱལ་ཁབ་བསྡོམས་རྩིས་ཅུའུ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བློ་མཐུན་གྱིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་།    འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་འགོ་ཉན་པ་དང་། སྲིད་གྲོས་ཨུ་ཡོན་དང་ཕན་ཚུན་བསམ་བློ་བརྗེ་རེས་བྱས།

ཤ་བོ་རིན་མཚོས་བསྒྱུར།