ཚེས22ཉིན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མའོ་ཉིན་གྱིས་བསྒྲགས་པ་ལྟར་ན། མགྲོན་བདག་རྒྱལ་ཁབ་ཧྥ་རན་སི་དང་རྒྱལ་སྤྱིའི་ཨོ་རྩལ་ཨུ་ཡོན་ལྷན་ཁང་གིས་གདན་དྲངས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མིའི་ཆ་ནས་ཧྥ་རན་སིར་བསྐྱོད་དེ། ཟླ7པའི་ཚེས26ཉིན་ཕཱ་རེ་སི་རུ་འཚོགས་རྒྱུ་ཡིན་པའི་ཨོ་རྩལ་འགྲན་ཚོགས་སྐབས33པའི་འགོ་རྩོམ་མཛད་སྒོ་སོགས་ཀྱི་བྱེད་སྒོར་ཞུགས་རྒྱུ་རེད།
ཤ་བོ་རིན་མཚོས་བསྒྱུར།