ཞི་ཅིན་ཕིང་གིས་ཁཱ་ཅཱ་མེ་ཡང་བསྐྱར་རུ་ཝང་ཏཱའི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་གློག་འཕྲིན་བཏང་།
2024.07.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ7པའི་ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པའོ་ལའོ·ཁ་ཅཱ་མེ་ལ་གློག་འཕྲིན་བཏང་ནས། ཁོ་བསྟུད་མར་རུ་ཝང་ཏཱ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། རུ་ཝང་ཏཱ་ནི་ཀྲུང་གོའི་སྲོལ་རྒྱུན་གྱི་མཛའ་མཐུན་རྒྱལ་ཁབ་ཅིག་ཡིན།     ཉེ་བའི་ལོ་འགའི་རིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ལ།    སྲོལ་རྒྱུན་གྱི་མཛའ་བརྩེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཡོད།     ངས་སྐུ་ཞབས་ཙུང་ཐུང་དང་མཉམ་དུ་ཕྱོགས་གཉིས་ཀྱི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་ལས་ཆེ་རུ་གཏོང་བ་དང་།    ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་སྐྱེད་དང་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ཤ་བོ་རིན་མཚོས་བསྒྱུར།