ཁུ་ནུ་རིག་གནས་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས།
2024.07.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

ཟླ7པའི་ཚེས24ཉིན། ཁུ་ནུ་རིག་གནས་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་པའི་ཁྱིམ་གཞིས་བསྐྲུན་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏཱ་ནན་གྱིས་ཞུ་ཚིག་ཕུལ་བ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཅིན་ཀྲེ་ཡིས་འགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི་ཕིན་ཡིའུ་ཏུང་ཚོགས་འདུར་ཞུགས།

ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་དམངས་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གྲོས་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་བཅས་ཀྱིས་སྒྲུབ་འགན་ཁུར་ཡོད། གྲོས་ཚོགས་ཀྱི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་གཏིང་ཟབ་ཏུ་ལག་ལེན་དངོས་འབེབས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་བྱས་ནས། མ་ལག་ལྡན་པའི་སྒོ་ནས་ཁུ་ནུ་རིག་གནས་ཀྱི་སྙིང་སྟོབས་དང་ནང་དོན་ལ་ཞིབ་འཇུག་གསལ་བཀྲོལ་བྱེད་པ་དང་། ཁུ་ནུ་རིག་གནས་ཀྱི་དུས་རབས་རིན་ཐང་གཏིང་ཟབ་ཏུ་སྔོག་འདོན་བྱས་ཏེ། ཁུ་ནུ་རིག་གནས་ཀྱི་མཚན་སྙན་དང་ཤུགས་རྐྱེན་ནུས་པ་མཐོར་འདེགས་སུ་བཏང་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་སྤོ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་རྒྱུ་དེ་རེད། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོའི་མཐོ་རིམ་སློབ་གྲྭ་དང་། ཞིབ་འཇུག་ལས་ཁུངས་ནས་ཡོང་བའི་སྐད་གྲགས་ཅན་གྱི་ཆེད་མཁས་པ་དག་གླེང་སྟེགས་ལ་ཞུགས་ནས་གཏམ་བཤད་སྤེལ།

ཚོགས་འགོ་རྩོམ་པའི་མཛད་སྒོའི་སྟེང་། མཚོ་སྔོན་ཁུ་ནུ་རིག་གནས་ཞིབ་འཇུག་ཁང་འཛུགས་པ་དང་དེའི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས་པར་མ་ཟད། ཆེད་མཁས་པ་དག་ལ་གདན་ཞུའི་ཡི་གེ་བྱིན། ཧྲང་ཧེ་འགྲིམ་འགྲུལ་སློབ་ཆེན་དང་རྒྱལ་ཁབ་རིག་གནས་སྤྱི་གླིང་ཆེད་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་། ཝུའུ་ཧན་གྲོང་ཁྱེར་སྤྱི་ཚོགས་ཚན་རིག་གླིང་། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་བཅས་ཀྱི་ཆེད་མཁས་པ་བདུན་གྱིས་བརྗོད་དོན་གཏམ་བཤད་སྤེལ། ཚོགས་ཞུགས་མཁས་པ་དག་གིས་ཁུ་ནུ་རིག་གནས་དང་ཀྲུང་ཧྭའི་དཔལ་ཡོན་དང་། ཁུ་ནུ་རིག་གནས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། ཁུ་ནུ་རིག་གནས་ཀྱི་ནང་དོན་དང་དུས་རབས་ཀྱི་རིན་ཐང་། ཁུ་ནུ་རིག་གནས་དང་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་འཛུགས་སྐྲུན་བཅས་བརྗོད་དོན་མི་འདྲ་བ་བཞིར་དམིགས་ནས་ཚན་ཆུང་བགོས་ནས་བགྲོ་གླེང་བྱས།

ཆེད་མཁས་པ་དག་ད་རུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དུ་སོང་ནས་རིག་གཞུང་རྟོག་ཞིབ་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།