རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པས་ཚང་འཛོམས་གྲོས་ཚོགས་བསྡུས།
2024.07.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པས་ཚེས24ཉིན་གྱི་ཕྱི་དྲོར་ཚང་འཛོམས་གྲོས་ཚོགས་བསྡུས།  སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན15ཡིས་ཚོགས་ཆེན་ཐོག་གཏམ་བཤད།     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས།

སྲིད་གྲོས་རྒྱུན་ལས་ཨུ་ཡོན་ཚོས་གཏམ་བཤད་སྐབས་བསྟན་དོན། ཏང་གི་་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་པ་དང་། དེ་ལས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་།    རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་རང་འགུལ་གང་ལེགས་སྒོས་མཚོན་པར་བྱས་ཡོད་པས། ཀྲུང་གུང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་རྒྱུའི་ཐད་བཏོན་པའི་འཐབ་ཇུས་བཀོད་སྒྲིག་དང་བཅོས་སྒྱུར་བྱེད་ཐབས་ལ་ཚད་མཐོའི་གདེང་འཇོག་དང་མཉམ་དུ་མོས་མཐུན་བྱེད་ཀྱིན་ཡོད།     མི་དམངས་སྲིད་གྲོས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་ནན་ཏན་བྱེད་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་དགོངས་པ་གསར་པ་དང་།  ལྟ་བ་གསར་པ།    ཆོད་གཏམ་གསར་པ་བཅས་རབ་དང་རིམ་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ།   ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལག་ལེན་པ་དང་སྐུལ་འདེད་པ་བྱེད་དགོས།

རྒྱུན་ལས་ཨུ་ཡོན་མཱ་ཅན་ཐང་གིས་གཏམ་བཤད་སྐབས་སྤྱི་ལ་དབང་བའི་ལམ་ལུགས་གཙོ་གཟུགས་སུ་བྱེད་པ་དང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་ཐུན་མོང་གིས་འཕེལ་རྒྱས་གཏོང་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་གྲོས་འགོ་བཏོན།     རྒྱུན་ལས་ཨུ་ཡོན་ལིའུ་ཅཱ་ཆང་གིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཚབ་བྱས་ནས་གཏམ་བཤད་སྤེལ་ཏེ་ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་གྲོས་འགོ་བཏོན། རྒྱུན་ལས་ཨུ་ཡོན་ཧོ་ཅིན་ཧྭ་ཡིས་དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཚབ་བྱས་ནས་གཏམ་བཤད་པ་དང་། ཞིང་སྡེའི་བཅོས་སྒྱུར་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་ནས་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱེད་རྒྱུའི་གྲོས་འགོ་བཏོན། རྒྱུན་ལས་ཨུ་ཡོན་སུན་ཏུང་ཧྲིན་གྱིས་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཚབ་བྱས་ནས་གཏམ་བཤད་སྤེལ་ཏེ་ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་བརླིང་ངང་རྒྱ་བསྐྱེད་དེ། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་རྒྱུའི་གྲོས་འགོ་བཏོན།     རྒྱུན་ལས་ཨུ་ཡོན་ཀྲང་ཡུས་ཏུང་གིས་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་ཚབ་བྱས་ནས་གཏམ་བཤད་སྤེལ་ཏེ་སློབ་གསོ་ཚན་རྩལ་ཤེས་ལྡན་མི་སྣའི་སྒྲིག་སྲོལ་དང་ལམ་སྲོལ་གཞི་གཅིག་ཏུ་བཅོས་སྒྱུར་བྱ་རྒྱུར་སྐུལ་འདེད་བཏང་ནས། སྤྱི་ཚོགས་ཀྱི་གསར་གཏོད་དང་གསར་གཏོད་ཀྱི་གསོན་ཤུགས་གཅིག་རྗེས་གཉིས་མཐུད་ངང་འཕེལ་རྒྱུར་སྐུལ་འདེད་གཏོང་རྒྱུའི་གྲོས་འགོ་བཏོན། རྒྱུན་ལས་ཨུ་ཡོན་ཝང་ལུའུ་ཡིས་ཞིང་བཟོ་ཏང་ཀྲུང་དབྱང་གི་ཚབ་བྱས་ནས་གཏམ་བཤད་དེ་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་མའི་བཀོད་སྒྲིག་ཇེ་ལེགས་སུ་གཏོང་རྒྱུའི་གྲོས་འགོ་བཏོན། རྒྱུན་ལས་ཨུ་ཡོན་ཀའོ་ཞིའུ་མའེ་ཡིས་ཀྲི་ཀུང་ཏང་ཀྲུང་དབྱང་གི་ཚབ་བྱས་ནས་གཏམ་བཤད་སྐབས་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་དེ་འགོ་རྩོམ་ས་དང་རྐང་འཛུགས་སར་བྱས་ཏེ་གཞུང་བཙུགས་སྨན་ཁང་གི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུའི་གྲོས་འགོ་བཏོན།     རྒྱུན་ལས་ཨུ་ཡོན་ལིའུ་ཞའོ་མེ་ཡིས་དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཚབ་བྱས་ནས་གཏམ་བཤད་དེ་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལམ་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས། ཚན་ཞིབ་མི་སྣའི་ཧུར་བརྩོན་རང་བཞིན་དང་ཚན་ཞིབ་གྲུབ་འབྲས་གཞན་སྒྱུར་རིན་ཐང་ཆེ་རུ་གཏོང་རྒྱུའི་གྲོས་འགོ་བཏོན།     རྒྱུན་ལས་ཨུ་ཡོན་ཅང་ལིས་ཕིན་གྱིས་ཐའེ་ཝན་མནའ་མཐུན་ཀྲུང་དབྱང་གི་ཚབ་བྱས་ནས་གཏམ་བཤད་སྐབས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དེ་འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས་ཞེས་བསྟན།     རྒྱུན་ལས་ཨུ་ཡོན་ནན་ཚུན་ཧུའེ་ཡིས་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ནས་གཏམ་བཤད་དེ་དམངས་གཉེར་ཁེ་ལས་ཀྱིས་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་འབུལ་རྒྱུའི་གྲོས་འགོ་བཏོན།     རྒྱུན་ལས་ཨུ་ཡོན་ལིན་དབྱི་ཧྥུའུ་ཡིས་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་ཚབ་བྱས་ནས་གཏམ་བཤད་དེ་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་བཙུགས་ནས། ནུས་ལྡན་གྱི་ཁྲོམ་ར་དང་མདུན་ལམ་ལྡན་པའི་སྲིད་གཞུང་ཟུང་འབྲེལ་སྔར་ལས་ལེགས་པོ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་གྲོས་འགོ་བཏོན།     རྒྱུན་ལས་ཨུ་ཡོན་ལིན་ཅན་ཡོ་ཡིས་ཞང་ཀང་གི་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱལ་ཁབ་ཀྱི་ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ལ་རོགས་རམ་བྱེད་རྒྱུའི་གྲོས་འགོ་བཏོན། རྒྱུན་ལས་ཨུ་ཡོན་ཚུའེ་ཧྲི་ཁྲང་གིས་གཏམ་བཤད་སྐབས་ཨོ་མིན་གྱི་ཁྱད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ཧིན་ཆིན་ཀོང་ཏུང་དང་ཨོ་མིན་གྱི་མཉམ་ལས་གཏིང་ཟབ་ཁུལ་འཕེལ་རྒྱས་ཀྱི་ཕན་ནུས་བསྐྱེད་རྒྱུའི་གྲོས་འགོ་བཏོན།     རྒྱུན་ལས་ཨུ་ཡོན་དབྱང་ཅེ་ཡིས་རྒྱལ་དབང་ཁེ་ལས་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་འཛམ་གླིང་གི་ཁེ་ལས་རྩེ་གྲ་གསོ་སྐྱོང་བྱེད་རྒྱུའི་གྲོས་འགོ་བཏོན།     རྒྱུན་ལས་ཨུ་ཡོན་ཧོང་རུན་ཆིའུ་ཡིས་གཏམ་བཤད་སྐབས་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་གྲོས་འགོ་བཏོན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་ཡུན་ལུང་གིས་ཚོགས་འདུར་འགོ་འཛིན་བྱས།

ཤ་བོ་རིན་མཚོས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།