ཝུའུ་ཞའོ་ཅུན་གྱིས་ཁྲི་ཀ་རྫོང་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས།
2024.07.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

ཟླ7ཚེས24ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་སོང་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས། ཁོས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། བློ་རྩ་བརྟན་པོས་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱས་ནས། ཧུར་ཐག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་དང་གསོན་ཤུགས་གསར་པ། རྣམ་པ་གསར་པ་བསྐྲུན་དགོས།

ཝུའུ་ཞའོ་ཅུན་རྨ་ཤར་ཡུལ་ཚོ་རུ་སོང་ནས། གཞི་རིམ་གྱི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་དང་བཞུགས་མོལ་བྱས་པ་དང་། མཚོ་སྔོན་གྱི་བྱ་བ་སྣ་ཚོགས་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་དང་འཕེལ་རྒྱས་གསར་པར་ཟུང་འབྲེལ་བྱས་ནས། ཚང་མ་དང་མཉམ་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་བྱས་པའི་མྱོང་ཚོར་གླེང་། རྨ་ཤར་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཝེ་ཆང་དང་། ཝང་ཐུན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་པིས་ཧྲིན་ལུང་། རྨ་སྲིབ་གྲོང་རྡལ་ཞའེ་ཁྲུན་ཡོན་གཞིས་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲང་ཅིན་ལེན། སྨད་པ་སྡེ་བའི་སྡེ་དམངས་རྟ་མགྲིན་རྒྱ་མཚོ་བཅས་ཀྱིས་གྲོང་གསེབ་ཐོན་ལས་དར་སྤེལ་གཏོང་བ་དང་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་གཞི་རིམ་གྱི་ལག་ལེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ནས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་ཕྱུག་པོར་བསྒྱུར་བར་སྣེ་ཁྲིད་པ་སོགས་ལ་དམིགས་ནས་སློབ་སྦྱོང་གི་མྱོང་ཚོར་གླེང་།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་བའི་གནད་འགག་དུས་སྐབས་སུ་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན། ཚོགས་ཐོག་ནས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་ཀྲུང་གུང་ཀྲུང་དབྱང་གི་བཅོས་སྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆོད་དོན་ནི། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་སྟེང་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་གཏིང་ཚད་དང་གཞི་ཁྱོན་ཇེ་ཆེར་ཇེ་ཟབ་ཏུ་གཏོང་བའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཡིན་པས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། ས་བབ་དང་བསྟུན་ནས་བཅོས་སྒྱུར་གྱི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བཟང་བོ་བྱས་ཏེ། གོམ་སྟབས་རེ་རེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་པའི་རླབས་ཆེན་གྱི་འཆར་འགོད་དེ་མཛེས་སྡུག་གི་མངོན་སུམ་དུ་འགྱུར་བར་བྱེད་དགོས། བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ཁྲོད་སྐྱེ་ཁམས་སྲུང་སྐྱོབ་དམ་འཛིན་བྱེད་པ་དང་། སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ནམ་ཡང་རྒྱུན་འཁྱོངས་བྱེད་པ། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱས་ཏེ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ཁྲོད་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དམ་འཛིན་བྱེད་པ་དང་། ཐོན་ཁུངས་ཀྱི་དགེ་མཚན་ལ་རྐང་འཛུགས་པ། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་བསྐྲུན་དགོས། བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ཁྲོད་མཁར་གྲོང་མཉམ་བསྲེས་བྱེད་པ་དམ་འཛིན་བྱེད་པ་དང་། ནུས་ཤུགས་ཅི་ཡོད་འདོན་པ་དང་གང་ནུས་ཅི་ལྕོགས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཀུན་ཕན་རང་བཞིན་དང་རྨང་གཞི་རང་བཞིན། མཐིལ་རྟོགས་རང་བཞིན་གྱི་དམངས་ཚིས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ཁྲོད་མི་རིགས་མཐུན་སྒྲིལ་དམ་འཛིན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། མཛེས་སྡུག་གི་ཁྱིམ་གཞི་མཉམ་སྲུང་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་འབད་བརྩོན་བྱེད་དགོས།

སྒྲོག་འགྲེལ་སྐབས་སུ། ཝུའུ་ཞའོ་ཅུན་སྔ་གཞུག་ཏུ་ཁྲི་ཀ་རྫོང་རྨ་ཤར་ཡུལ་ཚོ་དབྱང་ཅཱ་སྡེ་བ་དང་རྨ་ནུབ་གྲོང་རྡལ་ཧྲན་ཕེན་སྡེ་བ། རྨ་སྲིབ་གྲོང་རྡལ་ཞི་ཅཱ་ཙུའེ་སྡེ་བ། ཡུལ་སྐོར་རིག་གནས་ཐོན་ལས་ལས་སྐྲུན་གླིང་ཁུལ་བཅས་ལ་སོང་ནས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། བཅོས་བསྒྱུར་གྱི་ཐབས་མཆོག་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། རྫོང་ཁོངས་དཔལ་འབྱོར་དར་རྒྱས་གོང་འཕེལ་གཏོང་བ། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་པ། གྲོང་གསེབ་ཐོན་ལས་སྤུས་འདེགས་ནུས་སྤེལ་བྱེད་པར་སྐུལ་འདེད་གཏོང་བ། ཞིང་ལས་ཐོན་རྫས་ཀྱི་རིན་འཕར་བར་སྟོང་རྒྱ་སྐྱེད་པ། ཞིང་བར་འབྲེལ་འདྲིས་དང་ཞིབ་བར་སྣེ་ཁྲིད་བྱེད་པའི་རྐྱེན་སྲོལ་་འཐུས་ཚང་དུ་བཏང་སྟེ། མང་ཚོགས་ཀྱིས་ཡོང་འཕར་ཕྱུག་བསྒྱུར་བྱེད་པར་སྣེ་ཁྲིད་བྱེད་དགོས། དཔལ་འབྱོར་འཁོར་རྒྱུག་དང་བཀོད་གཏོང་ལ་ཤུགས་སྣོན་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་དགོས། ཞོད་འགོག་གི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། གནམ་གཤིས་དང་ཆུ་དཔྱད། ས་གཤིས་གནས་བབ་ཀྱི་ལྟ་ཞིབ་དང་སྔོན་བརྡ་ཉེན་བརྡར་ཤུགས་སྣོན་པ། འཕྲལ་བསྟུན་བྱེད་ཐབས་ཀྱི་རྐྱེན་སྲོལ་ལག་བསྟར་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།