བསྟུད་མར་ཉིན་འགའི་རིང་ལ། རྒྱལ་ཡོངས་ཀྱི་ས་གནས་སོ་སོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཧུར་ཐག་གིས་གསར་སྐྲུན་འཚོལ་ཞིབ་དང་སྒུལ་ཤུགས་དང་གསོན་ཤུགས་སྐུལ་སློང་བྱས་ཏེ། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་གསར་གཏོད་བྱེད་དགོས་ཟེར།
ཚང་འཛོམས་གྲོས་ཚོགས་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། རླབས་ཆེན་ལོ་རྒྱུས་ཀྱི་རང་འགུལ་དང་། ཆབ་སྲིད་ཀྱི་བློ་སྤོབས་ཆེན་པོ། འགན་འཁྲི་འཁུར་སེམས་དྲག་པོ་བཅས་ལ་བརྟེན་ནས་བསམ་བློའི་འདུ་ཤེས་ཀྱི་འཆིང་རྒྱ་ལས་སྒྲོལ་བ་དང་། ཁེ་ཕན་གྱི་བཀག་རྒྱ་ལས་སྒྲོལ་བ། ཕྱོགས་སོ་སོའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་ཞན་ཆ་མཐའ་གཅིག་ཏུ་སེལ་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཏང་གི་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་ཆེད་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་བསྟན་ཡོད།
ཚང་འཛོམས་གྲོས་ཚོགས་སྟེང་བཏོན་པའི་བཅོས་སྒྱུར་གྱི་བྱེད་ཐབས300ལྷག་ཙམ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ཕྱོགས་སོ་སོར་ཁྱབ་ཡོད་པ་དང་། དེ་ཡིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་སྲོག་ཤིང་དང་འགག་རྩ་དམ་འཛིན་བྱས་ཡོད། ཚང་མས་བསྟན་དོན། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་མཐའ་གཅིག་ཏུ་གཅིག་གྱུར་བྱེད་དགོས་ན། འགན་འཁུར་དང་འགན་འཁྲིའི་ནུས་པར་ཟུང་འབྲེལ་བྱེད་པ་དང་། ཧུར་ཐག་གིས་འགན་སྒྲུབ་བྱེད་པར་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།
བཅོས་སྒྱུར་སྒོ་འབྱེད་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་མཛེས་སྡུག་ལྡན་པའི་མ་འོངས་པ་འབད་པས་སྐྲུན་དགོས། ཚང་མས་བསྟན་དོན། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་སྐྱོད་ལམ་གསར་བའི་སྟེང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དུས་རབས་ཀྱི་ལེའུ་གསར་བ་འབྲི་བར་སྐུལ་འདེད་གཏོང་དགོས་ཟེར།
ཚེ་རིང་སྒྲོལ་མས་བསྒྱུར།