ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་དུ་བསྡུས།
2024.07.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 43

མཚོ་སྔོན་ཞིང་ཆེན་གྱི་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཟླ7པའི་ཚེས26ཉིན་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། བྱ་བ་སྤྱི་སྡོམ་དང་གནས་བབ་ལ་དབྱེ་ཞིབ་བྱས་ལ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱ་བ་བཀོད་སྒྲིག་བྱས་པ་དང་། བྱ་བའི་ལས་འགན་གཙོ་བོ་གཏན་ཁེལ་གསལ་བོ་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། རང་འགུལ་གྱིས་འབད་འཐབ་བྱེད་པ་དང་སྤུས་འདེགས་ནུས་སྤེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ། འཚོལ་ཞིབ་བྱེད་ཕོད་པ་དང་མཁྲེགས་གཏོར་བྱེད་ཕོད་པ། འཐབ་རྩོད་བྱེད་ཕོད་པ། བཅོས་སྒྱུར་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྟོབས་ཤུགས་ཡོད་རྒུས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རྒྱུན་མཐུད་ངང་དྲིལ་སྒྲོག་འགྲེལ་བཤད་བྱེད་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བར་རྟེན་འབྲེལ་ཞུ་བ་དང་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་བའི་མུ་འབྲེལ་བྱ་འགུལ་རྩ་འཛུགས་བཟང་བོ་བྱེད་དགོས། རིག་གནས་ལྔ་སྐྱེད་སྲིང་དང་དར་སྤེལ་ཤུགས་ཆེན་བྱེད་པ་དང་། རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པར་སྐུལ་འདེད་གཏོང་བ། སྤུས་ལེགས་རིག་གནས་ཞབས་ཞུ་དང་རིག་གནས་ཐོན་རྫས་ཀྱི་མཁོ་འདོན་ཇེ་ཆེར་གཏོང་བ། རིག་གནས་དང་ཡུལ་སྐོར་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་ནས། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་དང་སྔོན་ཐོན་དཔེ་མཚོན་འདེམ་པའི་དྲིལ་སྒྲོག་གཏིང་ཟབ་ཏུ་སྤེལ་དགོས། འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲིའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་། བོད་འབྲེལ་གྱི་དྲིལ་སྒྲོག་སློབ་གསོའི་སྣེ་ཁྲིད་དང་འཆལ་ཕྱགས་འགལ་རྡུང་གི་ཆེད་དོན་འགུལ་སྐྱོད་སྤེལ་བར་ཤུགས་སྣོན་པ། གླེང་ཕྱོགས་ཀྱི་སྣེ་ཁྲིད་དང་གཡུལ་ས་འཛུགས་སྐྲུན་ལ་ཤུགས་སྣོན་པ། དྲིལ་སྒྲོག་བསམ་བློ་རིག་གནས་ཁྱབ་ཁོངས་ཀྱི་ལས་བྱེད་པ་དང་འཇོན་མིའི་དཔུང་སྡེ་སྟོབས་ལྡན་འཛུགས་སྐྲུན་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་དགོས།

ཚོགས་ཐོག་ཏུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་བྱ་བའི་ཇུས་གཞི་པར་འགྲེམ་བྱས་པ་དང་། ས་ཁུལ་དང་སྡེ་ཁག་ལྔའི་འབྲེལ་ཡོད་འགན་ཁུར་མི་སྣས་བརྗེ་རེས་གཏམ་བཤད་བྱས།

རིན་ཆེན་མཚོས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།