ཉེ་ལམ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཀོང་ཏུང་དང་ཧྥུའུ་ཅན་སོགས་སུ་སྒྲོག་འགྲེལ་བྱས་པར་མ་ཟད། གཞི་རིམ་དུ་བསྐྱོད་དེ་ལས་བྱེད་པ་དང་མང་ཚོགས་ལ་བསམ་བློ་བརྗེ་རེས་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མི་རྣམས་ཀྱི་སེམས་སུ་འཇགས་པར་སྐུལ་འདེད་བཏང་།
ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀོང་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཧོང་ཁུན་མེན་གྱིས་ཟླ7པའི་ཚེས27ཉིན་ཀོང་ཀྲིག་ཏུ་སྙན་ཞུ་སྒྲོག་འགྲེལ་བྱས། ཧོང་ཁུན་མེན་གྱིས་སྙན་ཞུའི་ནང་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་རྒྱབ་ལྗོངས་དང་ལོ་རྒྱུས་ཀྱི་ཁ་ཕྱོགས། ལས་འགན་བཅས་ནན་ཏན་སྒོས་གསལ་བཤད་བྱས་པ་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་མཛུབ་ཁྲིད་བསམ་བློ་དང་སྤྱིའི་དམིགས་འབེན། རྩ་དོན་གལ་ཆེན་བཅས་གསལ་བཤད་ནན་མོ་བྱས།
ཉེ་ལམ། ཧོང་ཁུན་མེན་ད་དུང་དབྱང་ཅང་གྲོང་ཁྱེར་དུ་སོང་ནས་ཁེ་ལས་དང་གྲུ་ཁ། སྡེ་བ་དང་གྲོང་རྡལ། ལས་གཞི་གལ་ཆེན་འཛུགས་སྐྲུན་བྱ་ཡུལ་བཅས་སུ་བསྐྱོད་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པར་མ་ཟད་ཚང་མ་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས།
ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཧྥུའུ་ཧའེ་ཡིས་ཟླ7པའི་ཚེས27ཉིན་ཧྥུའུ་ཀྲིག་ཏུ་སྙན་ཞུ་སྒྲོག་འགྲེལ་བྱས་པ་དང་། ཀྲང་ཧྥུའུ་ཧའེ་ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཚུན་ལ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་བླངས་པའི་གྲུབ་འབྲས་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དོན་སྙིང་གལ་ཆེན་དང་རྩ་དོན་གལ་ཆེན། བྱེད་ཐབས་གལ་ཆེན། གཞི་རྩའི་ཁག་ཐེག་སོགས་ལ་ངོས་འཛིན་ཟབ་མོ་བྱེད་པར་དམིགས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གསལ་འགྲེལ་གཏིང་ཟབ་བྱས།
ཟླ7པའི་ཚེས27ཉིན། ཀྲང་ཧྥུའུ་ཧའེ་ད་དུང་ཧྥུའུ་ཀྲིག་ཐའེ་ཅང་ཁུལ་ཚང་ཞ་སྡེ་ཁུལ་དུ་སོང་ནས་མང་ཚོགས་ཀྱི་འཐུས་མི་དང་བསམ་བློ་བརྗེ་རེས་བྱས།
ཤ་བོ་རིན་མཚོས་བསྒྱུར།