མཚོ་སྔོན་ཞིང་ཆེན་དམངས་ཆེན་བྱ་བའི་ཞིབ་འཇུག་ཚོགས་པའི་ཚོགས་མིའི་གྲོས་ཚོགས་ཐེངས་དང་པོ་དང་རྒྱལ་ཡོངས་དམངས་ཆེན་བཙུགས་ནས་ལོ་བདུན་ཅུ་འཁོར་བ་དང་ས་གནས་དམངས་ཆེན་གྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་ཞེ་ལྔ་འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས།
2024.07.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

མཚོ་སྔོན་ཞིང་ཆེན་དམངས་ཆེན་བྱ་བའི་ཞིབ་འཇུག་ཚོགས་པའི་ཚོགས་མིའི་གྲོས་ཚོགས་ཐེངས་དང་པོ་དང་རྒྱལ་ཡོངས་དམངས་ཆེན་བཙུགས་ནས་ལོ་བདུན་ཅུ་འཁོར་བ་དང་ས་གནས་དམངས་ཆེན་གྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་ཞེ་ལྔ་འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཟླ7པའི་ཚེས26ཉིན་ཟི་ལིང་དུ་བསྡུས། ཞིབ་འཇུག་ཚོགས་པའི་ཚོགས་མི་ཡོངས་དང་ཚོགས་ཞུགས་སྡེ་ཁག་གི་འཐུས་ཚབ་དགུ་བཅུ་ལྷག་ཚོགས་འདུར་ཞུགས།

ཚོགས་ཐོག་ནས་ཀྲུང་གོ་དམངས་ཆེན་ལམ་ལུགས་གཞུང་ལུགས་ཞིབ་འཇུག་ཚོགས་པའི་སྐབས་བརྗེ་འདེམ་བསྐོ་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ཀྲུང་གོ་དམངས་ཆེན་ལམ་ལུགས་གཞུང་ལུགས་ཞིབ་འཇུག་ཚོགས་པའི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྒྲོག་འདོན་བྱས་ལ། མཚོ་སྔོན་ཞིང་ཆེན་དམངས་ཆེན་བྱ་བའི་ཞིབ་འཇུག་ཚོགས་པའི་སྒྲིག་ཡིག་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་། སྐབས་གསར་པའི་མཚོ་སྔོན་དམངས་ཆེན་བྱ་བའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་དང་ཚོགས་གཙོ་གཞོན་པ། དྲུང་ཡིག་ཆེན་མོ་བཅས་བདམས་ཐོན་བྱུང་།

ཚོགས་ཞུགས་མི་སྣ་ཡོངས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ནས། གཅིག་བསྡུས་ཞིབ་སློབ་དང་བགྲོ་གླེང་བརྗེ་རེས་བྱས། ཚང་མས་མཐའ་གཅིག་ཏུ། ཆབ་སྲིད་གླེང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་ཇེ་བརྟན་དུ་གཏོང་དགོས། སྤྱི་ཡོངས་ལ་ལྟ་རྟོག་བྱེད་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས། དཀྱིལ་སྙིང་ལ་ཞབས་འདེགས་ཞུ་དགོས། ལག་ལེན་གཙོར་འཛིན་པ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས། གཞུང་ལུགས་ཞིབ་འཇུག་ལ་ཤུགས་སྣོན་དགོས། རང་ཉིད་སྟོབས་ལྡན་དུ་བསྒྱུར་བ་རྒྱུན་འཁྱོངས་བྱས་ནས། སློབ་སྦྱོང་དང་རྟོག་ཞིབ། ཞིབ་འཇུག གསར་གཏོད་ཀྱི་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་བ་དང་། ས་གནས་དམངས་ཆེན་བྱ་བའི་གཞུང་ལུགས་ཞིབ་འཇུག་དང་ལག་ལེན་འཚོལ་ཞིབ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ། སྤུས་ཚད་མཐོ་བའི་གཞུང་ལུགས་ཞིབ་འཇུག་གིས་དུས་རབས་གསར་པའི་མཚོ་སྔོན་དམངས་ཆེན་བྱ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། མཚོ་སྔོན་དམངས་ཆེན་བྱ་བའི་གཞུང་ལུགས་ཞིབ་འཇུག་གི་རྣམ་པ་གསར་པ་གསར་སྐྲུན་བྱེད་དགོས་པའི་ཚུལ་བསྟན།

རིན་ཆེན་མཚོས་བསྒྱུར།