ཚེས27ཉིན། ཀྲུང་གོའི་མེ་མདའ་རྒྱག་པའི་ལུས་རྩལ་པ་ཧོང་ཡུས་ཐིན་དང་ཧྲིན་ལིས་ཧའོ་ལ་ཕ་རི་སིའི་སྐབས་སོ་གསུམ་པའི་དབྱར་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོབ། རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ནས་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་རྟེན་འབྲེལ་གློག་འཕྲིན་བཏང་། གློག་འཕྲིན་གྱི་ནང་དོན་ཆ་ཚང་གཤམ་གསལ་ལྟར།
ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པ་ལ།
རང་རྒྱལ་གྱི་ལུས་རྩལ་པ་ཧོང་ཡུས་ཐིན་དང་ཧྲིན་ལིས་ཧའོ་གཉིས་ཀྱིས་སྐབས་སོ་གསུམ་པའི་དབྱར་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མེ་མདའ་འགྲན་སྡུར་གྱིསྨི10ཡི་དབུགས་མདའ་འགྲན་སྡུར་ཁྲོད་སྐབས་འདིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་པའི་གསེར་གྱི་རྟགས་མ་ཐོག་མ་བླངས་ནས་མེས་རྒྱལ་དང་མི་དམངས་ལ་གཟི་བརྗིད་མཚན་སྙན་བརྩོན་ལེན་བྱས་སོང་། ངས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ནས་བྱ་དགའ་ཐོབ་པའི་ལུས་རྩལ་པ་དང་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ།
ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པས་འགན་འཁྲི་བློ་ལ་བརྟན་པོར་ངེས་པར་བྱས་ནས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀུན་སྤྱོད་ཀྱི་གསེར་གྱི་རྟགས་མ་དང་། ཉམས་འགྱུར་གྱི་གསེར་གྱི་རྟགས་མ། དག་གཙང་གི་གསེར་གྱི་རྟགས་མ་ལེན་པའི”སྐོར་གྱི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། ཀྲུང་ཧྭའི་ལུས་རྩལ་གྱི་སྙིང་སྟོབས་དང་ཨོ་ལིམ་ཕིག་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཨོ་རྩལ་འགྲན་རར་ཞུམ་མེད་འབད་འཐབ་བྱས་ཏེ་ལུས་རྩལ་གྱི་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གྱི་གྲུབ་འབྲས་ལེན་རྒྱུར་འབད་བརྩོན་བྱས་ནས། མེས་རྒྱལ་དང་མི་དམངས་ལ་སྔར་ལས་ཆེ་བའི་གཟི་བརྗིད་བརྩོན་ལེན་བྱེད་པ་དང་། ལུས་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཐད་བྱས་རྗེས་སྔར་ལས་ཆེན་པོ་འབུལ་རྒྱུའི་རེ་བ་ཡོད།
ཤ་བོ་རིན་མཚོས་བསྒྱུར།