བསྟུད་མུར་ཉིན་འགའི་རིང་ལ། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས། ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་བྱས་རྗེས་གསར་པ་འཇོག་དགོས་ཞེས་བསྟན།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་བཅོས་སྒྱུར་སྒོ་འབྱེད་ཁྲོད་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པ་ཞིག་ཡིན་ལ། བཅོས་སྒྱུར་སྒོ་འབྱེད་ཁྲོད་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་བསྐྲུན་ཁོ་ཐག་ཡིན། རྙོག་འཛིང་ཆེ་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་དང་། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས། མི་དམངས་མང་ཚོགས་ཀྱི་རེ་ལྟོས་གསར་པ་བཅས་ཀྱི་མདུན་དུ། ངེས་པར་དུ་བཅོས་སྒྱུར་ལ་མུ་མཐུད་མདུན་དུ་སྐུལ་འདེད་གཏོང་དགོས། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་འདོད་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་བཅོས་སྒྱུར་མཐར་ཕྱིན་བྱ་རྒྱུའི་ཆོད་སེམས་བརྟན་པོ་དང་འགན་འཁྲིའི་འདུ་ཤེས་གང་ལེགས་སྒོས་མཚོན་ཐུབ་ལ། ཚང་མས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་ལས་འགན་ཡག་པོ་སྒྲུབ་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་པ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ཟེར།
ཚང་མས་དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་དང་འབྲེལ་བ་ཡོད་པའི་ཁ་ཚ་དགོས་གཏུག་གི་གནད་དོན་དང་ཁྱབ་ཁོངས་གཞན་དག་གི་བཅོས་སྒྱུར་དང་འབྲེལ་བའི་འགག་གནད་སོགས་ལ་དམ་པོར་དམིགས་ནས་ཞིབ་འཇུག་གཏིང་ཟབ་བྱས་ཏེ། དམིགས་འབེན་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེ་བའི་བསམ་འཆར་དང་གྲོས་འགོ་སྔར་ལས་གང་མང་བཏོན་ནས། ཀྲུང་གོའི་སྲིད་ཏང་ལམ་ལུགས་གསར་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མི་དག་བཅོས་སྒྱུར་ཁྲོད་འབད་པས་ཞུགས་རྒྱུར་ཁྲིད་སྟོན་གང་ལེགས་བྱས་ནས། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་རྒྱུར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་ཡིན་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།