ས་དེའི་ཟླ7པའི་ཚེས27ཉིན་གྱི་ཕྱི་དྲོར། ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཕ་རི་སིར་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧི་ལ་མཇལ་འཕྲད་གནང་།
ས་དེའི་ཟླ7པའི་ཚེས27ཉིན་གྱི་ཕྱི་དྲོར། ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཕཱ་རི་སིར་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧི་ལ་མཇལ་འཕྲད་གནང་།
ཧན་ཀྲིན་གྱིས་ཐོག་མར་པཱ་ཧི་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་བརྒྱུད་བསྒྲགས་གནང་། ཁོས་བསྟན་དོན། ཕཱ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ངོ་མཚར་ཆེན་པོ་ལྡན་ཞིང་བདེ་ལེགས་ངང་ཡོངས་འགྲུབ་བྱུང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་བཞིན་ཡོད། ཨོ་ལིམ་ཕིག་ལུས་རྩལ་གྱིས་འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་མིའི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བ་དམིགས་ཡུལ་དུ་འཛིན་བཞིན་ཡོད། མིག་སྔའི་རྒྱལ་སྤྱིའི་གནས་བབ་འོག་ཨོ་ལིམ་ཕིག་གི་སྙིང་སྟོབས་སྔར་ལས་དར་སྤེལ་གཏོང་དགོས་ལ། སྐབས་འདིའི་ཨོ་རྩལ་འགྲན་ཚོགས་ལ་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་ཨོ་ལིམ་ཕིག་ལུས་རྩལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་དང་ཡུན་རིང་འབྲེལ་བ་བཟང་བོ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སང་ལོར་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་གཉེར་རྒྱུ་ཡིན་པ་དང་། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་དང་ཕྱོགས་གཉིས་ཀྱི་ཆུ་ཚད་མཐོ་བའི་མཛའ་བརྩེའི་མཉམ་ལས་མུ་མཐུད་གཏིང་ཟབ་དང་རྒྱ་ཆེར་གཏོང་འདོད་ཡོད་ཟེར།
པཱ་ཧི་ཡིས་ཧན་ཀྲིན་ལ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་བརྒྱུད་བསྒྲགས་གནང་རོགས་ཞུས་པ་དང་། ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི་ཡིན་པའི་ངོས་ནས་ཕཱ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་རྩོམ་མཛད་སྒོ་ཞུགས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས། པཱ་ཧི་ཡིས་བསྟན་དོན། རྒྱལ་སྤྱིའི་ཨོ་ལིམ་ཕིག་ལས་དོན་གྱི་གཞི་རྩའི་དད་སེམས་ནི་ཕྱོགས་མང་རིང་ལུགས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་ཨོ་ལིམ་ཕིག་ལས་དོན་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། པྲོག་གསར་རིམས་ནད་ཀྱི་དམིགས་བསལ་རྒྱབ་ལྗོངས་འོག2022ལོར་པེ་ཅིང་དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་སྤེལ་བ་དང་། འཛམ་གླིང་རྒྱལ་ཁབ་སོ་སོས་ཨོ་རྩལ་འགྲན་ཚོགས་སྤེལ་བར་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱས། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་ཕྱོགས་དང་མུ་མཐུད་དུ་མཉམ་ལས་དམ་ཟབ་བྱས་ནས། རྒྱལ་སྤྱིའི་ལུས་རྩལ་འགྲན་བསྡུར་སོ་སོ་ཡག་པོ་སྤེལ་ཏེ་ཨོ་ལིམ་ཕིག་གི་སྙིང་སྟོབས་བརྒྱུད་བསྒྲགས་བྱེད་དགོས་ཟེར།
ཤ་བོ་རིན་མཚོས་བསྒྱུར།