ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ས་ཆ་སོ་སོ་དང་སྡེ་ཁག་སོ་སོ་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས།
2024.07.29 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 28

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོ་རུ་སྒྲོག་འགྲེལ་བྱས་པར་མ་ཟད། གཞི་རིམ་དུ་བསྐྱོད་དེ་ལས་བྱེད་པ་དང་མང་ཚོགས་བར་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། པེ་ཅིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་དབྱིན་ལི་ཡིས་ཟླ7པའི་ཚེས29ཉིན་པེ་ཅིང་དུ་སྒྲོག་འགྲེལ་སྙན་ཞུ་གནང་། དབྱིན་ལི་ཡི་སྒྲོག་འགྲེལ་སྙན་ཞུའི་ནང་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་བསམ་བློ་གསར་བ་དང་། ལྟ་བ་གསར་བ། ཆོད་གཏམ་གསར་བ་བཅས་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་སོགས་ཀྱི་ཐད་ནས་པེ་ཅིང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་འགྲེལ་བཤད་དང་སྒྲོག་འགྲེལ་གནང་།

དབྱིན་ལི་ཡིས་ད་དུང་ཁེ་ལས་ཀྱི་འཐུས་མི་དང་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་བར་བརྗེ་རེས་བྱས་ཏེ། ཚན་རྩལ་གསར་སྐྲུན་སོགས་ཀྱི་གནད་དོན་ཐད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ཟབ་མོ་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥིན་གྱིས་ཟླ7པའི་ཚེས29ཉིན་ཚོང་དོན་པུའུ་རུ་སྒྲོག་འགྲེལ་སྙན་ཞུ་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། བསམ་བློའི་ངོས་འཛིན་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། ཚོང་དོན་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལས་འགན་སོ་སོ་དོན་འཁྱོལ་བྱེད་པར་དམ་འཛིན་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིན་གྱིས་ཟླ7པའི་ཚེས29ཉིན་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་རུ་སྒྲོག་འགྲེལ་སྙན་ཞུ་གནང་། ཁོང་གིས་ཚང་འཛོམས་གྲོས་ཚོགས་ཚོགས་པ་དང《ཆོད་དོན》གྱི་དོན་སྙིང་གལ་ཆེན་འགྲེལ་བཤད་ཟབ་མོ་བྱས་པ་དང་།《ཆོད་དོན》ནང་བཏོན་པའི་བཅོས་སྒྱུར་བྱེད་ཐབས་གལ་ཆེན་གྱི་རྒྱབ་ལྗོངས་དང་། ཁ་ཕྱོགས། ནང་དོན་བཅས་ལ་དམིགས་ནས་གསལ་འགྲེལ་ཞིབ་ཕྲ་གནང་ཞིང་། བཟོ་ལས་དང་ཆ་འཕྲིན་ཅན་མ་ལག་གིས་བཅོས་སྒྱུར་ཀྱི་ལས་འགན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་ཤུགས་ཇེ་མགྱོགས་སུ་བཏང་ནས་རྣམ་པ་གསར་བའི་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་བར་སྟོབས་དང་ལྡན་པའི་སྒུལ་ཤུགས་དང་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱ་དགོས་པའི་བླང་བྱ་བཏོན།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཁྲུང་ཆིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཡོན་ཅཱ་ཅུན་གྱིས་ཟླ7པའི་ཚེས29ཉིན་ཁྲུང་ཆིན་དུ་སྒྲོག་འགྲེལ་སྙན་ཞུ་གནང་། ཡོན་ཅཱ་ཅུན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་དམིགས་ནས་ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》ནང་བཏོན་པའི་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་འབེན་དང་། རྩ་དོན་གལ་ཆེན། བྱེད་ཐབས་གལ་ཆེན་སོགས་ལ་ཕྱོགས་ཡོངས་ནས་གོ་བ་ཡང་དག་པ་བླངས་ཏེ། སྔར་ལས་འགྲེལ་བཤད་དང་ཀློག་འགྲེལ་ཟབ་མོ་བྱས།

ཉེ་ལམ། ཡོན་ཅཱ་ཅུན་ད་དུང་བཟོ་ལས་གླིང་ཁུལ་དང་ཚན་རྩལ་གསར་སྐྲུན་ཁེ་ལས་སོགས་སུ་སོང་ནས་ཡུལ་དངོས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པར་མ་ཟད། འཐབ་ཕྱོགས་དང་པོའི་ལས་བྱེད་པ་དང་ལས་བཟོ་བར་བརྗེ་རེས་བྱས།

ཚེ་རིང་སྒྲོལ་མས་བསྒྱུར།