ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་གོ་བདུན་འཁོར་ལ་ཉེ་བའི་སྐབས་སུ། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་བྱ་བའི་པུའུ་ཡིས་མཉམ་འབྲེལ་སྒོས་ཆེས་མཛེས་པའི་དུས་རབས་གསར་བའི་གསར་བརྗེ་དམག་མི་བཅུ་གཅིག་ཁྱབ་བསྒྲགས་བྱས། གོ་ཧའེ་ཁྲའོ་དང་ཁྲིན་དབྱང་། རིན་དབྱི་རོང་། གའོ་ཆང་ཕིང་། ཀྲོའུ་ཧྲུའེ། ཏུང་ཅུན། ཀྲུང་ཕིང་ཁོན། ཀྲང་དབྱིན། ཁྲིན་ཀྲིན་ཧྭ། ཝུའུ་ལེན། ལིས་ཞིན་ཁོན་བཅས་དཔོན་དམག་བཅུ་གཅིག་ནི། དམག་ཡོངས་ཀྱི་དམག་དཔུང་གིས་ཏང་གི་བཀོད་འདོམས་ལ་ཉན་པ་དང་དམག་དར་འགན་འཁྲི་ཕྲག་ཏུ་ལེན་པ། དག་གཙང་དང་གཟི་བརྗིད་སྲ་བརྟན་དུ་གཏོང་བ་དང་། དམག་དར་ལས་དོན་རྒྱུན་མ་ཆད་པར་མདུན་དུ་སྐྱོད་པར་སྐུལ་འདེད་གཏོང་བའི་ཁྲོད་བྱུང་བའི་སྔོན་ཐོན་དཔེ་མཚོན་ཡིན། ཁོ་ཚོས་ཐོག་མའི་བསམ་འདུན་དང་འགན་འཁྲི་སེམས་ལ་བརྟན་པོར་འཛིན་པ་དང་། ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ། དམག་སྦྱོང་དམག་གྲབས་ལ་ཤུགས་སྣོན་པ། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་བཅས་བྱས་ནས། ལས་རྐང་དཀྱུས་མའི་སྟེང་སྤྱིར་བཏང་མིན་པའི་ལས་འབྲས་བསྐྲུན་ཡོད།
རིན་ཆེན་མཚོས་བསྒྱུར།