མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་སྐབས་བཅོ་ལྔ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་ཟླ7པའི་ཚེས31ཉིན་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏ་ནན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ལོའུ་ཞན་ཧྭ་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་རུ་བདམས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། རྒྱལ་ཡོངས་སྤྱིའི་བཟོ་ཚོགས་སྐབས་བཅོ་བརྒྱད་པའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བཅས་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ལོ་སྨད་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྩ་འཛུགས་ཀྱི་ལས་བཟོ་བར་འབྲེལ་འདྲིས་དང་ཞབས་འདེགས་ཞུ་བའི་ལྕགས་ཟམ་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་དམིགས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོར་དམིགས་པ། འཕེལ་རྒྱས་ཁྲོད་དམངས་ཚིས་འགན་སྲུང་དང་ལེགས་བསྒྱུར་བྱེད་པའི་ལས་འགན་གལ་ཆེན་ལ་དམིགས་པ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་ངོ་བོའི་རེ་བར་དམིགས་པ་བཅས་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་དགོས། གཙོ་གནད་བྱ་བ་ལག་བསྟར་བྱེད་པའི་ཐད་ནས་གྲུབ་འབྲས་ལེན་ཐུབ་པ་དང་། ངལ་རྩོལ་ཁྱབ་ཁོངས་ཀྱི་ཆབ་སྲིད་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ། མིག་སྔར་གྱི་བདེ་འཇགས་ཐོན་སྐྱེད་བྱ་བ་བཟང་བོར་བསྒྲུབ་ནས། བྱ་བའི་སྣང་ཚུལ་བཟང་བོ་བསྐྲུན་དགོས། ཏང་གི་སྒྲིག་སྲོལ་གྱི་སློབ་སྦྱོང་སློབ་གསོ་དམ་འཛིན་ལྷོད་མེད་བྱེད་པ་དང་། ཏང་གི་སྒྲིག་སྲོལ་གྱི་སློབ་སྦྱོང་སློབ་གསོ་རྒྱུན་སྲོལ་ཅན་དང་ཡུན་ཕན་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། ནམ་ཡང་བློ་དཀར་དག་གཙང་དང་ཁག་ཁུར་བྱེད་ཕོད་པའི་བཟོ་ཚོགས་ཀྱི་ལས་བྱེད་པ་བྱེད་དགོས།
ཚོགས་ཐོག་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཐོན་ལས་བཟོ་བའི་དཔུང་སྡེ་འཛུགས་སྐྲུན་དང་བཅོས་བསྒྱུར་ཏན་ཏིག་སྒོས་སྤེལ་བ། ཁེ་དབང་སྲུང་སྐྱོབ་དང་ཞབས་ཞུ་བྱ་བ་བཟང་བོར་བསྒྲུབ་པ། ངལ་རྩོལ་ཁྱབ་ཁོངས་ཀྱི་ཆབ་སྲིད་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ། བཟོ་ཚོགས་མ་ལག་གི་ཏང་གི་འཛུགས་སྐྲུན་ཐད་ཕྱོགས་ཡོངས་ནས་ཤུགས་སྣོན་པ། བཟོ་ཚོགས་བྱ་བའི་རྣམ་པ་གསར་བ་ཧུར་ཐག་གིས་བསྐྲུན་ནས། རྒྱ་ཆེའི་ལས་བཟོ་བར་མཐུན་སྒྲིལ་སྐུལ་སློང་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་ཡང་བསྐྱར་བྱས་རྗེས་གསར་བ་འཇོག་དགོས་པའི་རེ་བ་བཏོན།
རིན་ཆེན་མཚོས་བསྒྱུར།