ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་སི་ཁྲོན་དང་ཀྲེ་ཅང་དུ་སྒྲོག་འགྲེལ་བྱས་པར་མ་ཟད། གཞི་རིམ་དུ་ཟབ་ཞུགས་བྱས་ནས་ལས་བྱེད་པ་དང་མང་ཚོགས་ལ་བསམ་ཚུལ་བརྗེ་རེས་བྱས།
ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཚན་རྩལ་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་དབྱིན་ཧི་ཅུན་གྱིས་ཉེ་ལམ་ཁྲིན་ཏུའུ་རུ་སྙན་ཞུ་སྒྲོག་འགྲེལ་བྱས། དབྱིན་ཧི་ཅུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》ལ་དམིགས་ནས། བཅོས་སྒྱུར་ཕྱོགས་ཡོངས་ནས་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་གལ་ཆེའི་རང་བཞིན་དང་། དགོས་ངེས་རང་བཞིན། ཁོང་དུ་ཆུད་དགོས་པའི་རྩ་དོན་གལ་ཆེན་དང་གནད་དོན་གལ་ཆེན། བཅོས་སྒྱུར་གྱི་བྱེད་ཐབས་གལ་ཆེན་བཅས་བརྒྱུད་རིམ་ལྡན་པའི་སྒོ་ནས་གསལ་འགྲེལ་བྱས་པར་མ་ཟད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་ཕྱོགས་ལྔའི་བླང་བྱ་གསལ་བོ་བཏོན།
དབྱིན་ཧི་ཅུན་ད་དུང་ཀྲུང་གོ་མཁའ་འགྲུལ་བཟོ་ལས་སྡེ་ཚོགས་ཁྲིན་ཧྥེ་ཀུང་ཟི་དང་ཀྲུང་གོ་ཉིང་རྡུལ་སྡེ་ཚོགས་ཉིང་རྡུལ་བཟོ་ལས་ལྷོ་ནུབ་དངོས་ལུགས་ཞིབ་འཇུག་ཁང་དུ་སོང་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། ཚན་ཞིབ་མི་སྣ་དང་ལས་བྱེད་མང་ཚོགས་ལ་བསམ་ཚུལ་བརྗེ་རེས་བྱས།
ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ཅིན་ཀྲོང་ལུང་གིས་ཧང་ཀྲིག་ཏུ་སྙན་ཞུ་སྒྲོག་འགྲེལ་བྱས། ཅིན་ཀྲོང་ལུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། 《ཆོད་དོན》ནང་བཏོན་པའི་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ཁོང་དུ་ཆུད་པ། ནུས་ཤུགས་ཡོད་རྒུས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་པ་སོགས་ཀྱི་ཐད་རྒྱུད་རིམ་ལྡན་པའི་རྒྱས་བཤད་དང་གསལ་འགྲེལ་གཏིང་ཟབ་བྱས།
ཅིན་ཀྲོང་ལུང་ད་དུང་ཧང་ཀྲིག་མཐོ་གསར་ཁུལ་གྱི་རིག་ནུསeཀུའུ་འགྲེམས་སྟོན་ཁང་དང་ཀྲུང་ཚི་འགྱིག་སྤྱིན་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་ཟིར་སོང་ནས། ཚང་མ་དང་བསམ་ཚུལ་བརྗེ་རེས་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་བསྒྲགས་གཏིང་ཟབ་བྱས།
ཤ་བོ་རིན་མཚོས་བསྒྱུར།