ཉེ་སྔོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཆུ་བེད་ཐིན་དང་ཞིང་ཆེན་གཞི་གྲངས་ཅུའུ་རུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བཀོད་སྒྲིག་ལྟར། བརྟན་འཇགས་འཕར་སྣོན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་ཚིས་ལ་ཕན་འདོགས་པ། ཉེན་ཁ་འགོག་ཟོན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་ལེན་པ། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་དགོས་པའི་རེ་བ་དོན་འཁྱོལ་བྱེད་པ། ངར་སེམས་ཆེར་སྐྱེད་དེ་འགག་སྒྲོལ་བརྩོན་ལེན་བྱེད་པ། གསར་འབྱེད་གསར་གཏོད་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། བློ་བརྟན་འགྱུར་མེད་ཀྱིས་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་དགོས།
ཞིང་ཆེན་ཆུ་བེད་ཐིན་དུ། ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་ནས་ཆུ་ལོག་གི་གནོད་འཚེ་ལ་ལྟ་ཞིབ་བྱེད་པ་དང་སྔོན་བརྡ་ཉེན་བརྡ་གཏོང་བའི་སྟེགས་བུའི་འཁོར་སྐྱོད་གནས་ཚུལ་ལ་བལྟས་པར་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས་ནས། འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུ་ལ་ཉན། ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཆུ་གྲོན་ཆུང་བྱེད་པ་གཙོར་འཛིན་པ་དང་བར་སྟོང་དོ་མཉམ་བྱེད་པ། མ་ལག་བཅོས་སྐྱོང་བྱེད་པ། ཕྱོགས་གཉིས་ནས་ཤུགས་འདོན་པའི་ཆུ་སྐྱོང་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་ན། སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། ཆུ་བེད་འཕེལ་རྒྱས་ཀྱི་གནས་བབ་གསར་བ་དང་ལས་འགན་གསར་བ། གོ་སྐབས་གསར་བར་རྒྱུས་ལོན་ཡང་དག་བྱེད་པ། དཀའ་ཁག་ཁྱད་སེལ་དང་ཁག་ཁུར་འབད་འཐབ་བྱེད་པ། ཞིང་ཆེན་ཡོངས་ཀྱི་ཆུ་དྲ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། ཆུ་བེད་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ་དང་ཞིང་ཆེན་ཡོངས་ཀྱི་ཆུའི་བདེ་འཇགས་ལ་འགན་སྲུང་བྱེད་ཆེད་བྱས་རྗེས་སྔར་ལས་ཆེན་པོ་དང་གསར་བ་འཇོག་དགོས། སྟོབས་ཤུགས་དང་ཕན་ནུས་སྔར་ལས་ཆེན་པོས་ཆུ་བེད་ལས་གཞིའི་དངུལ་གཏོང་དམ་འཛིན་བྱེད་པ་དང་། ཆུ་བེད་བཟོ་སྐྲུན་གྱི་ལས་གཞི་ཆེན་པོ་ལག་བསྟར་བྱེད་པ། གོ་རིམ་ལྡན་པའི་སྒོ་ནས་རོང་འབྲོག་ཁུལ་གྱི་ཆུ་འདོན་བཟོ་སྐྲུན་འཛུགས་སྐྲུན་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་མཁར་གྲོང་སྡོད་དམངས་ཀྱི་བཏུང་ཆུ་བདེ་འཇགས་ལ་འགན་སྲུང་བྱེད་དགོས། སྟོབས་ཤུགས་དང་ཕན་ནུས་སྔར་ལས་ཆེན་པོས་ཆུའི་ཐོན་ཁུངས་གྲོན་ཆུང་ལེགས་བསྡུས་སྒོས་བེད་སྤྱོད་བྱེད་པ་དང་། ཆུར་བརྟེན་ནས་གཏན་ཁེལ་བྱེད་པ་བཞིའི་རྩ་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཆུའི་ཐོན་ཁུངས་བཀོལ་སྤྱོད་བཟང་བོ་བྱེད་པ། ཆུའི་ཐོན་ཁུངས་ལ་དོ་དམ་ནན་མོ་བྱས་ནས། ཆུའི་ཐོན་ཁུངས་གྲོན་ཆུང་ལེགས་བསྡུས་སྒོས་འཁོར་རྒྱུག་བེད་སྤྱོད་བྱེད་པའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས། སྟོབས་ཤུགས་དང་ཕན་ནུས་སྔར་ལས་ཆེན་པོས་ཞོད་འགོག་གནོད་སྐྱོབ་བྱ་བ་བཟང་བོར་བསྒྲུབ་པ་དང་། ཚད་མཐའི་བསམ་བློ་དང་མུ་མཐའི་བསམ་བློ་བརྟན་པོ་འཛུགས་པ། འགོག་འཕྲི་སྐྱོབ་གསུམ་གྱི་ཕྲེང་འབྲེལ་ཧྲིལ་བོ་ནས་མཉམ་དུ་ཤུགས་འདོན་བྱེད་པ། ཞིབ་བཤེར་ཉེན་སེལ་བྱེད་ཤུགས་ཆེར་གཏོང་བ། ཐད་ཀར་གཞི་རིམ་དུ་ཐོན་པའི་སྔོན་བརྡ་དང་འཕྲལ་བསྟུན་བྱེད་ཐབས་ཀྱི་རྐྱེན་སྲོལ་ལག་བསྟར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས།
ཞིང་ཆེན་གཞི་གྲངས་ཅུའུ་རུ། ཝུའུ་ཞའོ་ཅུན་སྔ་གཞུག་ཏུ་སྲིད་དོན་ཞབས་ཞུ་ཚོམས་ཆེན་དང་འོས་འགུག་གསལ་བསྒྲགས་ཚོམས་ཆེན། འོས་འགུག་དཔྱད་འཇོག་ལྟེ་གནས། ལྗང་མདོག་རྩིས་ནུས་ཐོན་ལས་ཚོང་འགུག་དང་། སྤྱི་ཐུན་ཐོན་ཁུངས་ཉོ་ཚོང་དོ་དམ་ཁྲུའུ་སོགས་ལ་རྟོག་ཞིབ་བྱེད་པར་སོང་ནས། སྤྱི་ཁོག་གི་བྱ་བའི་གནས་ཚུལ་གྱི་ཡར་ཞུ་ལ་ཉན། ཁོས་ནན་གྱིས་བསྟན་དོན། རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ནུས་མ་ལག་འཛུགས་སྐྲུན་དང་ཤར་གྲངས་ནུབ་རྩིས་སོགས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱེད་པ་དང་། གཞི་གྲངས་འཛུགས་སྐྲུན་དང་གཞི་གྲངས་བཅོས་སྐྱོང་། གཞི་གྲངས་ཀྱི་དགེ་མཚན། གཞི་གྲངས་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བ། ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་རྟེན་གཞི་གསར་སྐྲུན་བྱེད་པའི་ཐད་ནས་འཕེལ་རྒྱས་གསར་བ་མངོན་འགྱུར་བྱེད་པ་དང་། སྲིད་དོན་ཞབས་ཞུའི་ཕན་ནུས་མཐོར་འདེགས་གཏོང་བའི་ཐད་ནས་འགག་སྒྲོལ་གསར་བ་མངོན་འགྱུར་བྱེད་པ། སྤྱི་ཐུན་ཐོན་ཁུངས་ཀྱི་ཉོ་ཚོང་ཚད་ལྡན་དུ་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་བླངས་ཏེ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་དང་དགེ་མཚན་གསར་བ་གསར་སྐྲུན་བྱེད་དགོས། འཐབ་ཇུས་འཆར་འགོད་དང་བཀོད་སྒྲིག་སྟེང་ཤུགས་བཏོན་ནས་ཆུ་ཚད་མཐོར་འདེགས་གཏོང་བ་དང་། སྡེ་ཁག་གི་གཞི་གྲངས་སྟེགས་བུའི་གཅིག་འདོམས་ལེགས་བསྡུས་ལ་ཤུགས་བསྣན་ནས། གཞི་གྲངས་ལག་རྩལ་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། ལྗང་མདོག་རྩིས་ནུས་ཐོན་ལས་ལས་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པའི་སྟེང་ཤུགས་བཏོན་ནས་ཆུ་ཚད་མཐོར་འདེགས་གཏོང་བ་དང་། རྒྱལ་ཁབ་ཀྱི་རྩིས་གློག་མཉམ་བསྲེས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ལས་གཞི་གལ་ཆེན་ལག་བསྟར་བྱེད་པར་ཤུགས་བསྣན་ནས། ལྗང་མདོག་རྩིས་ནུས་ཀྱི་གྲངས་ཀ་དང་སྤྱིའི་གྲངས་ཀའི་གཞི་ཁྱོན་རྒྱུན་མ་ཆད་པར་རྒྱ་སྐྱེད་དགོས། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་སྟེང་ཤུགས་བཏོན་ནས་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ཐོན་ལས་གཞི་གྲངས་ཅན་དུ་ཚུལ་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ། གཞི་གྲངས་ཐོན་ལས་འདུ་ཚོགས་གསར་སྐྲུན་བྱེད་པ། གཞི་གྲངས་མཉམ་འདྲེས་ཟབ་མོ་བྱེད་པར་སྐུལ་འདེད་བཏང་སྟེ། གཞི་གྲངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཆེར་སྐྱེད་པ་དང་བརྩེགས་སྣོན་བྱེད་པ། འདུས་གྲུབ་བྱེད་པའི་གྲུབ་འབྲས་ཇེ་དྲག་ཏུ་གཏོང་དགོས། སྲིད་དོན་ཞབས་ཞུ་ཇེ་དྲག་ཏུ་གཏོང་བའི་སྟེང་ཤུགས་བཏོན་ནས་ཆུ་ཚད་མཐོར་འདེགས་གཏོང་བ་དང་། མཉམ་འབྲེལ་དྲ་རྒྱ་དང་སྲིད་དོན་ཞབས་ཞུ་ཟུང་འབྲེལ་བྱེད་པའི་རྩོལ་ནུས་ཇེ་དྲག་ཏུ་གཏོང་བ། ཕན་ནུས་མཐོན་པོས་དོན་དག་གཅིག་བསྒྲུབ་པའི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ། སྤྱི་ཐུན་ཐོན་ཁུངས་ཀྱི་ཉོ་ཚོང་དོ་དམ་ཚད་ལྡན་དུ་གཏོང་བ། སྲིད་དོན་ཞབས་ཞུའི་གཞི་གྲངས་དགེ་མཚན་ཇེ་དྲག་ཏུ་བཏང་སྟེ། སྲིད་དོན་ཞབས་ཞུ་སྔར་ལས་རིག་སྟོབས་སྟབས་བདེ་དང་ཕན་ནུས་ལྡན་པར་བྱེད་དགོས།
ཝང་ལིན་ཧུའུ་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།