ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ས་གནས་སོ་སོ་རུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས།
2024.08.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ལེའོ་ཉིང་དང་མཚོ་སྔོན་དུ་སྒྲོག་འགྲེལ་བྱས་པར་མ་ཟད། གཞི་རིམ་དུ་ཟབ་ཞུགས་བྱས་ནས་ལས་བྱེད་པ་དང་མང་ཚོགས་ལ་བསམ་ཚུལ་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིབ་འཇུག་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་ཧོང་ཧྲིག་ཧུང་གིས་ཉེ་ལམ་ཧྲིན་དབྱང་དུ་སྙན་ཞུ་སྒྲོག་འགྲེལ་བྱས། ཧོང་ཧྲིག་ཧུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》ལ་དམ་པོར་དམིགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དུས་རབས་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་ཤུགས་རྐྱེན་གཏིང་ཟབ་སྒོས་ངོས་འཛིན་བྱེད་པ་སོགས་ཀྱི་ཐད་བརྒྱུད་རིམ་ལྡན་པའི་སྒྲོག་འགྲེལ་དང་གསལ་འགྲེལ་ནན་མོ་བྱས།

ཧོང་ཧྲིག་ཧུང་ད་དུང་ཧྲིན་དབྱང་ཧི་ཕིན་ཆུས་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་སུ་སོང་ནས་ལས་བྱེད་པ་དང་མང་ཚོགས་ལ་བསམ་ཚུལ་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་ལེ་ཧེ་ཁྲའོ་ཡིས་ཟི་ལིང་དུ་སྙན་ཞུ་སྒྲོག་འགྲེལ་བྱས།     ལེ་ཧེ་ཁྲའོ་ཡིས་ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》ནང་བཏོན་པའི་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ལ་ཕྱོགས་ཡོངས་ནས་གོ་བ་ཡང་དག་ལེན་པ་དང་། ནུས་ཤུགས་ཡོད་རྒུས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་པ་སོགས་ཀྱི་ཐད་བརྒྱུད་རིམ་ལྡན་པའི་འཆད་འགྲེལ་དང་གསལ་འགྲེལ་བྱས།

ལེ་ཧེ་ཁྲའོ་ད་དུང་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་སོགས་སུ་སོང་ནས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་བསམ་ཚུལ་བརྗེ་རེས་བྱས་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་ནན་མོ་བྱས།

ཤ་བོ་རིན་མཚོས་བསྒྱུར།