སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནུབ་རྒྱུད་ས་ཁུལ་གྱིས་རྒྱལ་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ཁྱོན་ཡོངས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་པའི་དབང་གིས། ཏང་ཀྲུང་དབྱང་གིས་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་དམ་འཛིན་ཡག་པོ་བྱས་ནས། སྲུང་སྐྱོབ་ཆེན་པོ་དང་སྒོ་འབྱེད་ཆེན་པོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་རྣམ་པ་གསར་པ་སྔར་ལས་གྲུབ་པར་འབད་དགོས་ལ། འཕེལ་རྒྱས་ཀྱི་སྐྱོད་ལམ་གསར་པའི་སྟེང་གོམ་ཁ་བསྒྱུར་བ་ན། ནུབ་རྒྱུད་ས་ཁུལ་གྱིས་སྒོ་འབྱེད་ཆེན་པོ་བྱས་ནས། གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཕྱི་ནང་དང་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ། སྒོ་འབྱེད་ཅན་གྱི་དཔལ་འབྱོར་གྲུབ་སྟངས་མགྱོགས་མྱུར་ངང་འཛུགས་སྐྲུན་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ལེའུ་གསར་པ་འབད་བརྩོན་ཆེན་པོས་འབྲི་དགོས་ཞེས་ནན་གྱིས་གསུངས།
ད་ལོའི་ལོ་སྟོད་དུ་ནུབ་རྒྱུད་ས་ཁུལ་གྱིས་ཆུ་ཚད་མཐོ་བའི་སྒོ་འབྱེད་པར་འཕེལ་རྒྱས་གསར་པ་རབ་དང་རིམ་པ་བྱུང་ཡོད། ནུབ་རྒྱུད་སྐམ་མཚོ་བགྲོད་ལམ་གསར་པའི་སྟེང་མཚོ་ཐོག་ལྕགས་ལམ་མཉམ་བསྲེས་མེ་འཁོར་ཐེངས་ལྔ་སྟོང་ལྔ་བརྒྱ་སོ་དྲུག་བཏང་བ་དང་། དེ་ནི་དུས་མཚུངས་ལས་བརྒྱ་ཆའི་ཉེར་གཉིས་དང་གྲངས་ཆུང་བདུན་འཕར་ཡོད། ནུབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་བཅུ་གཉིས་ཀྱིས་ཕྱིར་གཏོང་ནང་འདྲེན་བྱས་ཚད་སྒོར་དུང་ཕྱུར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་དགུ་ཐེར་ཆེན་གསུམ་ཟིན་ཡོད་ལ། དེ་ནི་དུས་མཚུངས་ལས་བརྒྱ་ཆའི་བཅུ་དང་གྲངས་ཆུང་གཉིས་འཕར་ཡོད།
ནུབ་རྒྱུད་ས་ཁུལ་གྱིས་རྒྱལ་ཡོངས་མངའ་ཁོངས་རྒྱ་ཁྱོན་གྱི་བརྒྱ་ཆའི་དོན་གཉིས་ཟིན་པ་དང་མི་འབོར་གྱིས་རྒྱལ་ཡོངས་མི་འབོར་གྱི་བརྒྱ་ཆའི་ཉེར་བདུན་ཟིན་ཡོད་པའི་དབང་གིས། རྒྱལ་ཡོངས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་བརླིང་བཅས་ཀྱི་ཁྱོན་ཡོངས་ཁྲོད་དུ་གོ་གནས་གལ་ཆེན་བཟུང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནུབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་བཅུ་གཉིས་ལ་རྟོག་ཞིབ་དང་གཟིགས་ཞིབ་གནང་མྱོང་། ཁོང་གིས་སྒོ་འབྱེད་ཆེན་མོར་བརྟེན་ནས་གསར་སྤེལ་ཆེན་པོར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ནུབ་རྒྱུད་ས་ཁུལ་གྱིས་ནང་ཁུལ་དང་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས་ཞེས་ནན་གྱིས་གསུངས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་དུ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས་པའི་ཐད་ནས་གོ་རིམ་ལྡན་པའི་བཀོད་སྒྲིག་བྱས་ཏེ། ངེས་པར་དུ་སྒོ་འབྱེད་ལ་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་མཉམ་ལས་རྒྱ་སྐྱེད་གཏོང་བའི་ཁྲོད་སྒོ་འབྱེད་ནུས་པ་མངོན་སུམ་ཆེ་རུ་གཏོང་བ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་སྐྲུན་བཅས་བྱེད་དགོས་ཞེས་དངོས་སུ་བཏོན་པ་དེས། ནུབ་རྒྱུད་ས་ཁུལ་གྱི་སྒོ་འབྱེད་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད།
འཕེལ་རྒྱས་ཀྱི་འགོ་རྩོམ་ས་གསར་པའི་སྟེང་ལངས་ནས། ནུབ་རྒྱུད་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། སྒོ་འབྱེད་ཆེན་མོས་གསར་སྤེལ་ཆེན་པོར་སྐུལ་འདེད་བཏང་ནས། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་སྐུལ་སྤེལ་གཏོང་དགོས།
ནུབ་རྒྱུད་ས་ཁུལ་དངོས་ནས་རྐང་ཚུགས་པར་བྱེད་པ་དང་རྒྱལ་ཡོངས་ལ་དམ་པོར་དམིགས་པ། གོ་ལ་ཧྲིལ་པོར་སྦྲེལ་མཐུད་བཅས་བྱས་ཏེ། ནང་ཁུལ་དང་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་བ་ཡིན་ན། གཞི་ནས་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ལེའུ་གསར་པ་འབྲི་ཐུབ་ངེས་ཡིན།
བན་དེ་སྐྱབས་ཀྱིས་བསྒྱུར།