ཟླ8པའི་ཚེས8ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལྟ་སྐུལ་ཚན་ཆུང་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་སྐབས་སུ་ཞིང་ཆེན་དམངས་ཆེན་གྱི་འཐུས་མི་ལིས་ཧུང་གིས་བཏོན་པའི་རང་ཞིང་གི་ཁྱིམ་ལས་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བའི་སྐོར་གྱི་གྲོས་གཞི་བསྒྲུབ་པའི་གནས་ཚུལ་གཙོར་བཟུང་ནས་ལྟ་སྐུལ་བྱས།
ལྟ་སྐུལ་ཚན་ཆུང་སྔ་གཞུག་ཏུ་མཚོ་སྔོན་ཀོན་ཀྲའོ་བདག་སྐྱོང་ཞབས་ཞུ་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཁྱིམ་ཚང་ཞབས་ཞུ་ཚད་ཡོད་ཀུང་ཟི། མཚོ་སྔོན་ལི་ཀྲུང་ཁྱིམ་ལས་ཞབས་ཞུ་ཚད་ཡོད་ཀུང་ཟི། ཧུའུ་ཀྲུའུ་ཁྱིམ་ལས་སྡེ་ཚོགས་བཅས་ལ་སོང་ནས་རང་ཞིང་གི་ཁྱིམ་ལས་ཐད་ཀྱི་ཁེ་ལས་གཙོ་བོའི་གཞི་ཁྱོན་དང་ཞབས་ཞུའི་ཚད་གཞི། ལས་ཞུགས་སོགས་གནས་ཚུལ་ལ་ཡུལ་དངོས་ལྟ་ཞིབ་བྱས། ཡུལ་དངོས་ནས་ཞིང་ཆེན་ཚོང་དོན་ཐིན་དང་ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་བཅས་ཀྱིས་སོ་སོར་འཐུས་མིའི་གྲོས་གཞི་བསྒྲུབ་པའི་གནས་ཚུལ་དང་རང་ཞིང་གི་ཁྱིམ་ལས་ཞབས་ཞུའི་ལས་རིགས་ཀྱི་གནས་བབ། དེའི་ཐད་གནས་པའི་དཀའ་གནད་དང་གྲོས་གཞི་ཞུ་གཏུག་ངོ་སྤྲོད་བྱས་པར་མ་ཟད། ཞིང་ཆེན་དམངས་ཆེན་གྱི་འཐུས་མིའི་གྲོས་གཞི་བསྒྲུབ་པའི་གནས་ཚུལ་ཐད་ཀྱི་བསམ་འཆར་བསྡུ་ལེན་བྱས།
ལྟ་སྐུལ་ཚན་ཆུང་གིས་འབྲེལ་ཡོད་སྡེ་ཁག་སོ་སོས་ཁྱིམ་ལས་ཞབས་ཞུ་ལས་རིགས་དང་འཐུས་མིའི་གྲོས་གཞི་བསྒྲུབ་པའི་བྱ་བ་བཟང་བོ་བསྒྲུབ་པར་ཁས་ལེན་གང་ལེགས་བྱས། ལྟ་སྐུལ་ཚན་ཆུང་གིས་བསྟན་དོན། ཁྱིམ་ལས་ཞབས་ཞུ་ལས་རིགས་དེ་ཁྱིམ་ཚང་མང་པོའི་བདེ་སྐྱིད་དང་འབྲེལ་བ་ཡོད་ལ། དམངས་ཚིས་ལ་འགན་སྲུང་བྱེད་པ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་ཐུབ་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། མི་དམངས་མང་ཚོགས་ཀྱིས་ཁྱིམ་སྡོད་རྒན་གསོ་དང་ལུས་གསོ་བདག་སྐྱོང་། ཕྲུ་གུ་གསོ་བ། གཡོས་སྦྱོར་གཙང་དག བསྡུ་ཉར་ལེགས་སྒྲིག་སོགས་སྣ་མང་ཅན་གྱི་ཁྱིམ་ལས་ཞབས་ཞུའི་དགོས་མཁོ་ཇེ་མཐོར་སོང་། འགན་སྒྲུབ་ལས་ཁུངས་སོ་སོས་ཁྱིམ་ལས་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། རང་ཞིང་གི་ཁྱིམ་ལས་ཞབས་ཞུ་ལས་རིགས་ཐད་གནས་པའི་མཁོ་འདོན་དོ་མི་མཉམ་པ་དང་འཕེལ་རྒྱས་ཀྱི་ཆུ་ཚད་དམའ་བ་སོགས་ཀྱི་གནད་དོན་ལ་རྒྱུས་ལོན་ཡང་དག་བྱེད་པ། འཐུས་མིའི་གྲོས་གཞི་སྒྲུབ་པའི་གྲུབ་འབྲས་རྒྱུན་མཐུད་ངང་ཇེ་ཟབ་ཏུ་གཏོང་བ། མཉམ་ལས་མཉམ་འབྲེལ་ལ་ཤུགས་སྣོན་པ། ཕྱོགས་སོ་སོའི་ཐོན་ཁུངས་ལེགས་བསྡུས་བྱེད་པ། ཁྱིམ་ལས་ཞབས་ཞུ་ཆེད་ལས་ཅན་དང་ཚད་གཞི་ཅན། ཚོང་རྟགས་ཅན་དུ་འཕེལ་རྒྱས་སུ་གཏོང་བར་མཉམ་དུ་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི་མཛེས་སྡུག་འཚོ་བའི་ཐད་ཀྱི་རེ་འདོད་སྐོང་དགོས།
རིན་ཆེན་མཚོས་བསྒྱུར།