ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ས་གནས་སོ་སོ་རུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས།
2024.08.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཡུན་ནན་དང་ཧེ་ནན།  ནང་སོག་བཅས་སུ་སྒྲོག་འགྲེལ་གཏིང་ཟབ་བྱས་པ་མ་ཟད།    གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་བསམ་ཚུལ་བརྗེ་རེས་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མིའི་སེམས་སུ་ཟུག་པར་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི།    ཀྲུང་དབྱང་ནོར་སྲིད་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ། ཀྲུང་དབྱང་ཞིང་ལས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཀྲུའུ་ཝེ་ཏུང་གིས་ཁུང་མིན་དུ་སྙན་ཞུ་སྒྲོག་འགྲེལ་བྱས།     ཀྲུའུ་ཝེ་ཏུང་གིས་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོར་དམིགས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་།    ཚང་འཛོམས་གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ།    《ཆོད་དོན》ནང་བཏོན་པའི་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ལ་ཡང་དག་པར་རྒྱུས་ལོན་བྱེད་པ་དང་།    ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་སོགས་ཀྱི་ཐད་བརྒྱུད་རིམ་ལྡན་པའི་སྒྲོག་འགྲེལ་དང་འགྲེལ་བཤད་གཏིང་ཟབ་བྱས།

ཀྲུའུ་ཝེ་ཏུང་ད་དུང་ཡུས་ཞིས་ཁྲིན་ཅང་གྲོང་ཁྱེར་ཡིག་སའོ་གྲོང་རྡལ་མ་ཧྥང་སྡེ་བར་སོང་ནས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་བསམ་ཚུལ་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི།    ཀྲུང་དབྱང་སྒྲིག་ལུགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་གོ་ཕེ་ཡིས་ཧེ་ཁུག་ཏུ་སྙན་ཞུ་སྒྲོག་འགྲེལ་བྱས།    གོ་ཕེ་ཡིས་ཚང་འཛོམས་གྲོས་ཚོགས་ཀྱི་དུས་རབས་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་ཤུགས་རྐྱེན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་ཀྱི་ཐད་བརྒྱུད་རིམ་ལྡན་པའི་འགྲེལ་བཤད་དང་གསལ་འགྲེལ་གཏིང་ཟབ་བྱས།

གོ་ཕེ་ད་དུང་ཧེ་ཁུག་ཅང་ཏུང་ཁུལ་གསར་དུ་སོང་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་མ་ཟད། ལས་བྱེད་པ་དང་མང་ཚོགས་ལ་བསམ་ཚུལ་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི།    ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མི།    ཡོན་ཀྲང་གཞོན་པ་ཧི་ཞའོ་རུང་གིས་ཧུའུ་ཧི་ཧོ་ཐི་རུ་སྙན་ཞུ་སྒྲོག་འགྲེལ་བྱས།    ཧི་ཞའོ་རུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་བྱ་གཙོ་བོར་དམིགས་ནས།“ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ”དང“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ།”“《ཆོད་དོན》ནང་བཏོན་པའི་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་བྱེད་པའི་བྱེད་ཐབས་གལ་ཆེན་ལ་རྒྱུས་ལོན་ཡང་དག་བྱེད་པ།”“ནུས་ཤུགས་ཡོད་རྒུས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ”བཅས་ཕྱོགས་བཞིའི་ཐད་བརྒྱུད་རིམ་ལྡན་པའི་སྒྲོག་འགྲེལ་དང་འགྲེལ་བཤད་གཏིང་ཟབ་བྱས།

ཧི་ཞའོ་རུང་ད་དུང་ཁེ་ལས་དང་སྡེ་ཁུལ་དུ་ཡོང་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་མ་ཟད།    ས་གནས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་བསམ་ཚུལ་བརྗེ་རེས་བྱས།

ཤ་བོ་རིན་མཚོས་བསྒྱུར།