བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་སྤྱིའི་དམིགས་འབེན་སྔར་ལས་དམ་འཛིན་ནན་མོ་བྱ་དགོས།
2024.08.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་འབེན་བཏོན་ནས།    ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བ་དང་།    རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།

ཧོང་ཧྲིག་ཧུང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བར་སྤྱིར་བཏང་མིན་པའི་གྲུབ་འབྲས་བླངས་ཡོད།     ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་བཏོན་པའི་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་འབེན་དེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་བཏོན་པའི་སྤྱིའི་དམིགས་འབེན་དང་བསྡུར་ན།  སྔོན་ལ“མུ་མཐུད་དུ”ཞེས་པའི་ཡིག་འབྲུ་གཉིས་བསྣན་ཡོད།    དེ་ལས་ང་ཚོའི་ཏང་གིས་བཅོས་སྒྱུར་ཐད་ཐོག་མཐའ་བར་གསུམ་དུ་དམིགས་འབེན་དོན་གཉེར་བྱེད་པ་དང་།   གཅིག་རྒྱུན་གཅིག་འཛིན་གྱི་ལག་ལེན་བླང་བྱ།   བགྲོད་ལམ་མི་འགྱུར་བ་དང་ཕུགས་འདུན་མི་འགྱུར་བའི་ཆོད་སེམས་བརྟན་པོ་བཅས་མཚོན་ཡོད།

ཧོང་ཧྲིག་ཧུང་གིས་བསྟན་དོན། མིག་སྔར་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་མཁྲེགས་གཏོར་དུས་སྐབས་དང་གཏིང་ཟབ་པའི་དུས་སུ་སླེབས་པ་དང་། ལྷག་ཡོད་པ་ཚང་མ་སྒྲུབ་དཀའ་བར་ཟད།    ད་དུང་ཞིབ་འཇུག་བྱ་གཞི་གསར་པ་མང་པོ་ཞིག་འཚོལ་ཞིབ་ཁྲོད་ཐག་གཅོད་བྱེད་དགོས། དེ་དང་ཆབས་ཅིག་ང་ཚོའི་མདུན་དུ་ལྷགས་པའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་སྔར་ལས་རྙོག་འཛིང་ཆེ་བ་དང་། འབྲེལ་བ་ཡོད་པའི་ཁེ་ཕན་གྱི་གནས་བབ་སྙོམས་སྒྲིག་དང་ལམ་ལུགས་མ་ལག་བཅོས་སྒྱུར་སྔར་ལས་གཏིང་ཟབ་པར་བརྟེན། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་བྱ་བ་དཀའ་ཚེགས་ཆེ་ཞིང་བླང་བྱ་སྔར་ལས་མཐོ། 

ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བའི་སྤྱིའི་དམིགས་འབེན་ཁྲོད་དུ།    2035ལོར་བསླེབ་སྐབས་དུས་རིམ་རང་བཞིན་གྱི་བཅོས་སྒྱུར་དམིགས་འབེན་གསལ་བོར་བྱས་ཡོད།    དམིགས་ས་བདུན་གྱི་ཁྱབ་ཁོངས་དབྱེ་བའི་བཅོས་སྒྱུར་དམིགས་འབེན་ནང་2029ལོར་བསླེབ་སྐབས《ཆོད་དོན》ནང་བཏོན་པའི་བཅོས་སྒྱུར་ལས་འགན་གྱི་བླང་བྱ་ལེགས་སྒྲུབ་བྱེད་དགོས་པ་གསལ་བོར་བཏོན་ཡོད།     ཧོང་ཧྲིག་ཧུང་གིས་བསྟན་དོན། དེ་ལས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་འབེན་གྱི་སྤྱི་འདོམས་འོག  ཆ་ཚང་བའི་དམིགས་འབེན་མ་ལག་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་དུས་ཚོད་རེའུ་མིག    ལམ་ཐིག་རིས་དབྱིབས།    ལས་འགན་ཡི་གེ་བཅས་གྲུབ་ཡོད།

ཤ་བོ་རིན་མཚོས་བསྒྱུར།