ཞིང་ཆེན་སྲིད་གཞུང་དང་ཚོང་དོན་པུའུ་ཡིས་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲོམ་གཞིའི་གྲོས་མཐུན་བཀོད།
2024.08.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ8པའི་ཚེས12ཉིན། ཞིང་ཆེན་སྲིད་གཞུང་དང་ཚོང་དོན་པུའུ་ཡིས་ཟི་ལིང་དུ་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲོམ་གཞིའི་གྲོས་མཐུན་བཀོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཚོང་དོན་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ཝང་ཝུན་ཐའོ་སོགས་དང་བཞུགས་མོལ་བྱས། ཝང་ཝུན་ཐའོ་དང་ཝུའུ་ཞའོ་ཅུན་གྱིས་ཕྱོགས་གཉིས་ཀྱི་ཚབ་བྱས་ནས་གན་རྒྱ་བཞག     མཚོ་སྔོན་དུ་སྡོད་པའི་རིང་ལ་ཝང་ཝུན་ཐའོ་ཚོང་དོན་པུའུ་ཡི་གནས་གཏན་འཁེལ་གྱིས་རོགས་སྐྱོར་བྱེད་ས་གུང་ཧོ་རྫོང་གི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད། ཟི་ལིང་གྲོང་ཁྱེར་དང་མཚོ་ལྷོ་ཁུལ་དུ་རྟོག་ཞིབ་བྱས།

ཝང་ཝུན་ཐའོ་ཡིས་བཤད་རྒྱུར། མཚོ་སྔོན་གྱིས་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་འཁུར་ཡོད་པས། ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་བར་ཁྱད་སྟོབས་དང་སྦས་ཤུགས་ལྡན།     འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ཞེས་པའི་མིའི་རིགས་ཀྱིས་ཐུན་མོང་གིས་ཞིབ་འཇུག་བྱ་གཞི་དེར་ཁ་གཏད་ནས། ལྗང་མདོག་ཐཱན་ཉུང་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གནད་འགག་གི་རིམ་པར་གྱུར་ཡོད།    ཧུར་ཐག་གིས་ཉོ་ཚོང་གཞི་གྲངས་ཅན་དང་ལྗང་མདོག་ཅན་དུ་འགྱུར་བའི་འཕེལ་ཕྱོགས་ལ་ཁ་གཏད་ནས།    རྒྱལ་ཁབ་ཀྱི་ཐོན་ལས་སྤོ་སྒྱུར་གྱི་འཐབ་ཇུས་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ།    ནུས་ཁུངས་གཙང་མ་དང་ལྗང་མདོག་གློག་ཤུགས་ལ་བརྟེན་ནས་ཐོན་ལས་ལ་ནུས་པ་འདོན་སྤྲོད་བྱེད་པ་དང་།    ཐོན་སྐྱེད་ནུས་ཤུགས་གསར་མ་གསོ་སྐྱོང་བྱེད་པ།    ལྗང་མདོག་ཐཱན་ཉུང་ཐོན་རྫས་ཀྱི་ཉོ་འཚོང་རྒྱ་བསྐྱེད་པ།    སྒོ་འབྱེད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ།    རྒྱལ་སྤྱིའི་འགྲན་རྩོད་མཉམ་ལས་ནང་ཞུགས་པའི་ཁྱད་སྟོབས་གསར་པ་གཏོད་དགོས།    ཚོང་དོན་པུའུ་ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་ནན་མོ་བྱས་ཏེ། རང་གི་འགན་ནུས་དང་འགན་འཁྲིར་ཟུང་འབྲེལ་བྱས་ནས་མཚོ་སྔོན་གྱི་དགོས་མཁོར་བསམ་གཞིགས་ལེགས་པོ་གཏོང་བ་དང་།  སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་གཞན་དག་གི་མཉམ་ལས་ལ་ཤུགས་བསྣན་ནས། ཉོ་འཚོང་འཁོར་རྒྱུག་དང་རྙིང་ཚབ་གསར་བརྗེ།    ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བ།   ལས་སྟེགས་སྒོ་འབྱེད་སོགས་ཀྱི་ཐད་ཧུར་ཐག་གིས་རྒྱབ་སྐྱོར་བྱས་ནས། མཚོ་ལྷོ་ཁུལ་གུང་ཧོ་རྫོང་གིས་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་གྱི་ཚོང་དོན་བྱ་གཞག་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། ཐུན་མོང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཝང་ཝུན་ཐའོ་སོགས་མཚོ་སྔོན་དུ་ཕེབས་པར་དགའ་བསུ་ཞུས་པ་དང་། ཚོང་དོན་པུའུ་ཡིས་མཚོ་སྔོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད།    མཚོ་སྔོན་གྱི་གཞི་རྩའི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས།     ཁོས་བཤད་རྒྱུར། མིག་སྔར་མཚོ་སྔོན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།    ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ།    རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་མཚོ་སྔོན་གྱི་འཐབ་ཇུས་ངེས་གནས་དམ་འཛིན་ནན་མོ་བྱས་ནས། ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་དང་སྒོ་འབྱེད་རྒྱ་ཆེར་གཏོང་བ།    མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འཕེལ་རྒྱས་སྔར་ལས་ཆེ་བ་འབྱུང་བཞིན་ཡོད། ཐེངས་འདིར་ཕྱོགས་གཉིས་ཀྱིས་སྒྲོམ་གཞིའི་གྲོས་མཐུན་བཀོད་པ་དེས་མཚོ་སྔོན་གྱི་ཚོང་དོན་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡིད་ཆེས་དང་སྒུལ་ཤུགས་ཆེན་པོ་བསྣན་པ་དང་། མཚོ་སྔོན་གྱིས་ཏང་ཀྲུང་དབྱང་གིས་སྤྲད་པའི་དུས་རབས་ཀྱི་ལས་འགན་དོན་འཁྱོལ་དང་། ཧུར་ཐག་གིས་གྲོས་མཐུན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ལ།    ཚོང་དོན་པུའུ་ཡིས་སྔར་བཞིན་རྒྱབ་སྐྱོར་མཛུབ་ཁྲིད་བྱས་ནས་མཚོ་སྔོན་གྱི་ཚོང་དོན་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཟེར།

ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། ཚོང་དོན་པུའུ་ཡིས་མཚོ་སྔོན་ལ་མཛུབ་ཁྲིད་ནུས་ལྡན་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པས། སྲིད་ཇུས་ཀྱི་ནུས་པ་སྔར་ལས་ཆེ་རུ་ཕྱིན་པ་དང་ལས་སྟེགས་ཀྱི་འདེགས་སྐྱོར་ནུས་པ་སྔར་ལས་ཆེ་རུ་ཕྱིན་ལ།    རིག་སྟོབས་རྒྱབ་སྐྱོར་གྱི་གསོན་ཤུགས་སྔར་ལས་ཆེ་རུ་ཕྱིན་པ་དང་།    གནས་གཏན་འཁེལ་གྱི་རོགས་སྐྱོར་སྔར་ལས་ནུས་ལྡན་ཡིན་པས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།     མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། རེས་སྐོར་གསར་པའི་པུའུ་དང་ཞིང་ཆེན་གྱི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བྱེད་ཐབས་སུ་བྱས་ཏེ། དེང་རབས་ཚོང་དོན་འཁོར་རྒྱུག་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། གློག་རྡུལ་ཚོང་དོན་དང་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ནུས་ལྡན་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་།     རྒྱལ་ཁབ་ཀྱི“གསར་པ་གཉིས”ཀྱི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ཞིབ་མོ་བྱས་ཏེ། འཛད་སྤྱོད་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་ཤོང་ཚད་ཆེ་རུ་གཏོང་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།    ནུས་ཤུགས་ཡོད་རྒུས་བར་གྱི་ཐོན་རྫས་ཉོ་ཚོང་དང་ཞབས་ཞུའི་ཉོ་ཚོང་།    གཞི་གྲངས་ཉོ་ཚོང་བཅས་འཕེལ་རྒྱས་སུ་བཏང་སྟེ། ཕྱི་ཕྱོགས་ཉོ་ཚོང་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་བརྟན་བརླིང་ངང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས།     མ་དངུལ་ནང་འདྲེན་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་ཞབས་ཞུའི་འགན་སྲུང་འཐུས་ཚང་དུ་བཏང་ནས་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པའི་དངུལ་གཏོང་སྔར་ལས་མང་པོ་ནང་འགུག་བྱེད་དགོས།     ཚོང་དོན་པུའུ་ཡི་གནས་གཏན་འཁེལ་རོགས་སྐྱོར་གྱི་ཁྱད་སྟོབས་ལ་བརྟེན་ནས། སྤུས་ཚད་མཐོ་བའི་སྒོ་ནས་མཚོ་སྔོན་གྱི“2026ལོ་ནས2030ལོའི”ལོ་ལྔའི་ཚོང་དོན་འཕེལ་རྒྱས་འཆར་འགོད་བཟོ་འགོད་ཡག་པོ་བྱེད་དགོས།

ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་ལུའེ་ཀང་གཉིས་སོ་སོར་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

ཤ་བོ་རིན་མཚོས་བསྒྱུར།