ཞིང་ཆེན་ཡོངས་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དང་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་གནད་དོན་དག་ཐེར་དང་གཙོ་གནད་བྱ་བར་སྐུལ་འདེད་གཏོང་བའི་བཀོད་གཏོང་གྲོས་ཚོགས་བསྡུས།
2024.08.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ8པའི་ཚེས14ཉིན། ཞིང་ཆེན་ཡོངས་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དང་གྲོང་གསེབ་དར་སྤེལ་སྦྲེལ་མཐུད་ནུས་ལྡན་བྱེད་པའི་གནད་དོན་དག་ཐེར་དང་གཙོ་གནད་བྱ་བར་སྐུལ་འདེད་གཏོང་བའི་བཀོད་གཏོང་གྲོས་ཚོགས་བསྡུས། གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”བྱ་བའི་ཐད་ཀྱི་རྒྱས་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པར་མུ་མཐུད་དུ་མཁྲེགས་གཏོར་ཤུགས་ཆེན་གྱི་མདུན་སྐྱོད་རྣམ་པ་རྒྱུན་འཁྱོངས་བྱས་ནས། དབུལ་པོ་བསྐྱར་ལོག་སྔོན་འགོག་དང་ཚད་མཐའ་སྲུང་བ།    གྲུབ་འབྲས་སྲ་བརྟན་དུ་གཏོང་བ།    དམངས་ཚིས་ལ་ཕན་པ་བཅས་རྒྱུན་འཁྱོངས་བྱེད་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།    ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཆི་ཧྥན་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ལས་བསྟན་དོན། ད་ལོར་ཞིང་ཆེན་ཡོངས་ཀྱིས“སྲིད་ཇུས་ཕྱོགས་སྟོན་གཅིག་དང་གསལ་ཁྲ་གཅིག བསམ་བཀོད་གཅིག”དང“དམིགས་ས་བཅུའི”བྱ་བའི་བླང་བྱ་ལྟར། རྒྱལ་ཁབ་ཀྱི་དཔྱད་ཞིབ་དཔྱད་འཇོག་གི་གནད་དོན་བཤད་པ་གཙོ་གནད་དུ་བཟུང་སྟེ། དཔེ་བཞག་རིགས་འགྲེ་དང་དག་ཐེར་ནན་མོ་བྱས་ནས། བྱ་བ་སྣ་ཚོགས་སྦྲེལ་མཐུད་ནུས་ལྡན་བྱས་ཏེ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད་མོད།    འོན་ཀྱང་ཏན་ཏིག་དམ་འཛིན་དང་ཞིབ་ཚགས་དམ་འཛིན་ཐད་སྔར་བཞིན་གནད་དོན་སྐོར་ཞིག་གནས་ཡོད་པས། ངེས་པར་དུ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་ཇེ་དམ་དུ་བཏང་ནས་གནོན་ཤུགས་བརྒྱུད་སྤྲོད་བྱས་ཏེ།“འོག་ཏུ་རིམ་པ་གཅིག་བསྲིང་བ་དང་གོང་དུ་རིམ་པ་གཅིག་གིས་མང་བར་དོ་དམ་བྱེད་པ”རྒྱུན་འཁྱོངས་བྱས་ནས། འགན་འཁྲི་སྟོང་པར་མི་འགྱུར་བ་དང་བྱ་བ་རྒྱུན་ཆད་མེད་པར་སྒྲུབ་པར་ཁག་ཐེག་བྱེད་དགོས།   ཡོང་འབབ་སོགས་ལྟེ་བའི་དམིགས་འབེན་ལ་དོ་སྣང་ནན་ཏན་བྱེད་པ་དང་།    གཙོ་གནད་ཁྱབ་ཁོངས་དང་ཚོགས་སྤྱིར་དོ་སྣང་བྱས་ཏེ་གཞི་གྲངས་འཚོལ་བསྡུ་དང་ཡོང་འབབ་བསྡོམས་རྩིས་སོགས་རྨང་གཞིའི་བྱ་བ་ཡག་པོར་སྒྲུབ་དགོས།     ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱ་བ་ཏན་ཏིག་གིས་དམ་འཛིན་བྱས་ཏེ་རྒྱུན་རྣམ་ལྟ་ཞིབ་ཚད་ལེན་དང་།    དུས་ཐོག་ཉེན་བརྡ་གཏོང་བ།    མགྱོགས་མྱུར་དབྱེ་འབྱེད་བཅས་མངོན་འགྱུར་འབྱུང་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།     རོགས་སྐྱོར་ལས་གཞིའི་མ་དངུལ་དང་རྒྱུ་ནོར།    ཐོན་ཁུངས་བཅས་ཀྱི་དོ་དམ་གཉེར་སྐྱོང་དངོས་གནས་དམ་འཛིན་ཡག་པོ་བྱེད་པ་དང་།    ཁེ་ཕན་སྦྲེལ་མཐུད་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་སྔ་མོ་ནས་འཛུགས་སྐྲུན་དང་སྔ་མོ་ནས་གཉེར་སྐྱོང་བྱེད་པ།    སྔ་མོ་ནས་ཕན་པ་ཐོབ་པར་ཁག་ཐེག་བྱ་དགོས།     གནོན་ཤུགས་ཆེ་རུ་བཏང་ནས་ཕྱིར་ལྡོག་གནད་དོན་དག་ཐེར་ཡག་པོ་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས“ལས་བྱེད་པས་ལས་ལ་འབད་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པའི”བྱ་བའི་བླང་བྱ་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ལྷོད་གཡེང་གི་བསམ་ཚུལ་དང་སྟབས་ལེགས་ཀྱི་བསམ་ཚུལ་མཐའ་གཅིག་ཏུ་ཁྱད་དུ་བསད་ནས། འགན་འཁྲི་ཕྲག་ཏུ་འཁུར་བ་དང་བྱ་བ་དམ་འཛིན་བྱེད་པ།    ནུས་ཤུགས་ཡོད་རྒུས་བྱ་བའི་ཁྲོད་ཞུགས་དགོས་པའི་བླང་བྱ་བཏོན།     ཞིང་ཆེན་ཡོངས་ཀྱིས“བསམ་བཀོད་གཅིག”གི་བསམ་བློ་བརྟན་པོར་བཙུགས་ནས། འབྲེལ་གཏུག་དང་འབྲེལ་མཐུད་ལ་ཤུགས་སྣོན་པ་དང་། ལས་ཡུལ་དང་པོར་སོང་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་མཉམ་དུ་གནད་དོན་ཐག་གཅོད་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས།     ཉེན་ཁ་སྔོན་འགོག་དང་སྒྲིག་ཁྲིམས་ནན་མོ།    གླེང་ཕྱོགས་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་བར་ཤུགས་བསྣན་ནས། མང་ཚོགས་ཀྱི་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་རྒྱུན་མཐུད་ངང་བཅོས་སྒྲིག་བྱས་ཏེ། སྒྲིག་ཁྲིམས་ནན་མོ་དང་བླང་བྱ་ནན་མོ།    ཁོར་ཡུག་ནན་མོ་བཅས་ཀྱི་ཐོག་ནས་བྱ་བ་སྣ་ཚོགས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱི་སྦྲེལ་མཐུད་ནུས་ལྡན་དང་གནད་དོན་དག་ཐེར་བྱ་བ་སྤེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས།     ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་སློབ་གསོ་ཐིན།    ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན།    ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན།    ཞིང་ཆེན་ཆུ་བེད་ཐིན།    ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་གིས་སྦྲེལ་མཐུད་ནུས་ལྡན་གྱི་འགན་འཁྲི་དོན་འཁྱོལ་དང་གནད་དོན་དག་ཐེར་ཡོ་བསྲང་བྱས་པའི་འཕེལ་རིམ་དང་།    ལོ་ཧྲིལ་པོའི་བྱ་བ་གཙོ་བོར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནས་སྙན་ཞུ་ཕུལ། 

གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་གྲོང་ཁྱེར་དང་རྫོང་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས།     ཞིང་ཆེན་གྱི་འགོ་ཁྲིད་པ་ཝང་ཝེ་ཏུང་དང་ལུའེ་ཀང་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས།

ཤ་བོ་རིན་མཚོས་བསྒྱུར།