ཟླ8པའི་ཚེས14ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་མི་རིགས་རིག་པ་དང་མིའི་རིགས་རིག་པའི་སློབ་གླིང་ཞིབ་འཇུག་སཱོ་ཡི་སཱོ་ཀྲང་ཝང་ཡན་ཀྲུང་གདན་དྲངས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཞུང་ལུགས་ནང་དོན་དང་ལས་འགན་བླང་བྱ་ཞེས་པ་བརྗོད་གཞི་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་མི་རིགས་ཆོས་ལུགས་བྱ་བའི་ལས་བྱེད་པར་ཟུར་ཁྲིད་སྙན་ཞུ་བྱས།
ཝང་ཡན་ཀྲུང་ལ་མི་རིགས་གཞུང་ལུགས་སྲིད་ཇུས་ཁྱབ་ཁོངས་དུ་གཏིང་ཟབ་པའི་རིག་གཞུང་རྒྱབ་ལྗོངས་དང་ཕུན་སུམ་ཚོགས་པའི་ལག་ལེན་ཉམས་མྱོང་ཡོད། འཆད་ཁྲིད་ཁྲོད་དུ། ཁོས་ཏང་གི་མི་རིགས་སྲིད་ཇུས་དང་ཀྲུང་གོ་གསར་པའི་མི་རིགས་བྱ་བའི་ལོ་རྒྱུས་འཕེལ་རྒྱས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་དུས་རབས་གསར་པའི་མི་རིགས་བྱ་བའི་གྲུབ་འབྲས་གལ་ཆེན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཟོ་བའི་དོན་སྙིང་གལ་ཆེན་དང་ལས་འགན་གཙོ་བོ་སོགས་ཕྱོགས་ལྔའི་ཐད་ནས་ཚང་མར་ཁྱོན་ཡོངས་དང་མ་ལག་རིང་བཞིན་དང་གཏིང་ཟབ་གསལ་དག་གི་འགྲེལ་ཀློག་ཐེངས་ཤིག་བྱས། འཆད་ཁྲིད་ལ་ཉན་རྗེས། ཚོགས་ཞུགས་མི་སྣས་བལྟས་ན། ཟུར་ཁྲིད་སྙན་ཞུའི་བརྗོད་གཞི་གསལ་ཞིང་གཙོ་གནད་འབུར་དུ་ཐོན་ལ། ནང་དོན་ཕུན་སུམ་ཚོགས་པ་དང་དབྱེ་ཞིབ་གསལ་དག་ཡིན་པས། ཆབ་སྲིད་ཀྱི་མཐོ་ཚད་དཔྱོད་ཤེས་ཀྱི་གཏིང་ཚད་ཡོད་པར་མ་ཟད། གཞུང་ལུགས་ཀྱི་ཟབ་ཚད་དང་ལག་ལེན་གྱི་བརྩེ་བ་ཡང་ཡོད་པས། མཛུབ་སྟོན་རང་བཞིན་དང་བཀོལ་སྤྱོད་རང་བཞིན། ལག་ལེན་རང་བཞིན་ཤུགས་དྲག་པོ་མངོན་ཡོད་པར་འདོད།
མཚོ་སྔོན་ནི་མི་རིགས་མང་པོ་འདུས་སྡོད་དང་ཆོས་ལུགས་མང་པོ་མཉམ་གནས། རིག་གནས་མང་པོ་མཉམ་འདྲེས་བྱེད་ས་ཞིག་ཡིན་པས་མི་རིགས་བྱ་བ་གལ་ཆེ་བའི་ཞིང་ཆེན་ཆེན་པོ་ཞིག་རེད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གཏིང་ཟབ་ཏུ་སློབ་པ་དང་གོ་རྟོགས་བསྐྱེད་ཅིང་ལག་ལེན་དུ་བསྟར་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་དོན་སྙིང་གལ་ཆེན་དང་གཞུང་ལུགས་ཀྱི་ནང་དོན། ལག་ལེན་ཐབས་ལམ་སོགས་ནང་དོན་གལ་ཆེན་སྔར་ལས་ལྷག་པར་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པའི་བྱ་བའི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ། མཚོ་སྔོན་གྱི་མི་རིགས་ལས་དོན་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།