སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་བཏང་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་ཡི་མཛེས་ཉམས་གསར་པ་འབྲི་དགོས།
2024.08.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་བྱས་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་དེ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་མངོན་གསལ་དོད་པའི་གནས་བབ་སྟེང་འཇོག་དགོས་ཞེས་གསུངས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ།   ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་ཁྲིད་སྟོན་འོག་ཏུ། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལོ་རྒྱུས་རང་བཞིན་དང་དཀྱོག་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ཐད་གོམ་སྟབས་གལ་ཆེན་སྤོས་ཡོད། ད་ཆ “རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི” འདུ་ཤེས་དེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་དང་བྱ་སྤྱོད་ཅིག་ཏུ་གྱུར་ནས། གནམ་སྔར་ལས་སྔོ་བ་དང་ཆུ་སྔར་ལས་དྭངས་པ། རི་སྔར་ལས་ལྗང་མདོག་ལྡན་པ་བཅས་ཀྱི་སྐྱེ་ཁམས་ཀྱི་རྒྱུགས་ལེན་ཡག་པོ་ཞིག་ཕུལ་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོར་བརྗིད་ཉམས་ལྡན་པའི་སྒོ་ནས་འགྲེམས་སྤེལ་བྱེད་བཞིན་ཡོད།

དུས་ཡུན་ཅང་མ་འགོར་བའི་སྔོན་ལ། ཧི་ནན་དམངས་དབང་རྨ་ཆུའི་གནའ་ལམ་རྒྱལ་ཁབ་བརླན་ས་སྤྱི་གླིང་དང་ཏན་ཅང་བརླན་ས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་སོགས་རང་བྱུང་སྐྱེ་ཁམས་བར་སྟོང་ལྔའི་དབང་ཆ་གཏན་འཁེལ་ཐོ་འགོད་བདེ་བླག་ངང་ལེགས་གྲུབ་བྱུང་བས། སྲུང་སྐྱོབ་ས་ཁུལ་དེ་དག་ལ“ཁྱིམ་ཐོ”དངོས་སུ་ཐོབ་ཡོད།

ད་ལོར་རང་རྒྱལ་གྱིས་རང་བྱུང་ཐོན་ཁུངས་སྣ་ཚོགས་ཀྱི་དབང་ཆ་གཏན་འཁེལ་ཐོ་འགོད་གཞི་རྩའི་ཆ་ནས་ཁྱོན་ཡོངས་ལ་ཁྱབ་ཐུབ་པར་བྱེད་རྒྱུ་རེད། མིག་སྔའི་བར་གཙོ་གནད་ས་ཁོངས་བརྒྱ་ཙམ་གྱི་རང་བྱུང་ཐོན་ཁུངས་ཀྱི་དབང་ཆ་གཏན་འཁེལ་ཐོ་འགོད་བྱས་ཟིན་པ་དང་། རི་ཆུ་ནགས་ཚལ་དང་རྩྭ་ཐང་སྔར་ལས་མང་པོ་ཞིག་ལ་རང་ཉིད་ཀྱི“ཁྱིམ་ཐོ”ཡོད་པར་བྱེད་རྒྱུ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཐོག་མཐའ་བར་གསུམ་དུ་མནོ་བསམ་གང་མང་བཞེས་མྱོང་ཡོད། འབྲི་ཆུ་དང་རྨ་ཆུ། ས་མཐོའི་རི་མ་ཐང་། གྲོང་གསེབ་ཀྱི་གཤིན་ཞིང་། གྲོང་ཁྱེར་གྱི་སྤང་ལྗོངས་སོགས་སྤྱི་ཁྱབ་ཧྲུའུ་ཅི་གང་དུ་ཕེབས་ན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འདུ་ཤེས་གནས་དེ་རུ་གསུངས་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་བར་མ་ཟད། འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་དངོས་སུ་བཏོན་ཡོད། མཛེས་སྡུག་ལྡན་པའི་ཀྲུང་གོ་ནི་སྲིད་སྐྱོང་འདུ་ཤེས་སུ་གྱུར་པ་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་རུ་གྱུར་ཏེ། ཀྲུང་ཧྭའི་ས་གཞི་ཆེན་པོར་འགྱུར་བ་ཆེན་པོ་བཏང་ཡོད། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་བཅའ་ཁྲིམས་དང་ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་དེ་ཁྲིམས་འཛུགས་བྱེད་ཤུགས་ཆེ་ཤོས་དང་ལམ་ལུགས་འདོན་ཚད་ཆེ་ཤོས་ཡིན་ལ། ལྟ་སྐུལ་དོ་དམ་ཁྲིམས་བསྟར་ཚད་གཞི་ཆེས་ནན་ཤོས་བཅས་ཡིན་པའི་དུས་སྐབས་སུ་སླེབས་ཤིང་། ཁྲིམས་སྐྱོང་གི་འདུ་ཤེས་དང་ཁྲིམས་སྐྱོང་གི་བྱེད་སྟངས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་། སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་སྔར་ལས་བཀོད་སྒྲིག་གང་ལེགས་བྱས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་གཞག་སྔར་ལས་གཏིང་ཟབ་དང་སྔར་ལས་རྒྱ་ཆེ་བའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་ཁྲིད་སྟོན་བྱས་ཡོད།

དེང་སྐབས་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་རྒྱུན་ཆད་མེད་པར་ཚགས་དམ་པོ་ཅན་དུ་གྱུར་ཡོད། སྐྱེ་ཁམས་དཔལ་ཡོན་རྩ་ཁྲིམས་ནང་བཀོད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས30ལྷག་ཙམ་དང་སྲིད་འཛིན་ཁྲིམས་སྲོལ100ལྷག་ཙམ་དངོས་སུ་བཏོན་ཡོད་ལ། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་དངོས་སུ་བཙུགས་པ་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཉེན་མཚམས་ལམ་ལུགས་དངོས་སུ་བཏོན་ཡོད་ལ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་བརྡལ་དུ་བཏང་བར་མ་ཟད། སྐྱེ་ཁམས་ཁ་གསབ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི“ཏང་སྲིད་འགན་འཁྲི་མཉམ་མཚུངས”སོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། བཅོས་སྐྱོང་བྱེད་ཐབས་གང་མང་ལ་ཤུགས་སྣོན་བརྒྱབ་ཡོད། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཟབ་སྤེལ་བྱས་ཡོད་ཅིང་། གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་མ་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་ལ་མཐུན་སྦྱོར་ངང་སྐུལ་སྤེལ་ནུས་ལྡན་བཏང་ཡོད།

ད་ལོར། 《མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་བསམ་འཆར》དངོས་སུ་ཁྱབ་སྒྲོག་བྱས་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི“དུས་ཚོད་རེའུ་མིག”དང“ལམ་ཐིག”སྔར་ལས་་ཁ་གསལ་བཟོས་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས། སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་རྩོམ་སྒྲིག་དང་རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་སྤྱོད་སྒོ་དོ་དམ། འཆར་འགོད་ཆོག་འཐུས་ལམ་ལུགས་སོགས་ཚང་མར་སྐུལ་འདེད་གཏོང་བཞིན་ཡོད།

སྐྱེ་ཁམས་དར་རྒྱས་བྱུང་ན་གཞི་ནས་ཤེས་རིག་དར་རྒྱས་འབྱུང་ཐུབ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ཁྲིད་སྟོན་འོག་ཏུ། རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་མི་སེམས་ཀྱི་ཟབ་སར་ཟུག་ཐུབ་པ་བྱུང་ནས། བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་པ་ཡིན་ན། གཞི་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་གོམ་སྟབས་གསར་པ་རྒྱུན་ཆད་མེད་པར་སྤོ་ཐུབ་ལ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལེའུ་ལ་ངོ་མཚར་གསར་པ་རྒྱུན་ཆད་མེད་པར་སྣོན་ཐུབ་ངེས་ཡིན།

བན་དེ་སྐྱབས་ཀྱིས་བསྒྱུར།