ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་སྒྲོག་འགྲེལ་བྱ་འགུལ་སྤེལ།
2024.08.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ8པའི་ཚེས16ཉིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཡན་ཀའོ་གོ་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ། དགེ་རྒན་ཆེན་མོ་མཱ་ཧུང་པོ། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་ཞིབ་འཇུག་པ་སུན་ཧྥ་ཕིང་། མཚོ་སྔོན་སློབ་ཆེན་ནོར་སྲིད་དཔལ་འབྱོར་སློབ་གླིང་གི་དགེ་རྒན་ཆེན་མོ་ཆུས་པོ། ཞིང་ཆེན་ཏང་ཨུའི་འཆད་ཁྲིད་ཚོགས་པའི་ཚོགས་གཙོ་གཞོན་པ། མཐོ་རིམ་འཆད་ཁྲིད་པ་མཱ་པེན་དབྱི་བཅས་སོ་སོར་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་དང་། ཟི་ལིང་གྲོང་ཁྱེར། མཁར་ཤར་ཁུལ། ཞིང་ཆེན་སྤྱིའི་བཟོ་ཚོགས། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་ཚོང་དོན་ཐིན་སོགས་ས་ཁུལ་དང་སྡེ་ཁག་ཏུ་སོང་ནས་གཅིག་བསྡུས་སྒྲོག་འགྲེལ་བྱས།

སྒྲོག་འགྲེལ་ཚོགས་པའི་ཁོངས་མི་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་གུང་ཀྲུང་དབྱང་གི་བཅོས་བསྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཆོད་དོན་གྱི་ནང་དོན་གཙོ་བོར་དམ་དུ་དམིགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་སྐོར་གྱི་བསམ་བློ་གསར་བ་དང་ལྟ་ཚུལ་གསར་བ། ཆོད་གཏམ་གསར་བ་སློབ་སྦྱོང་དང་ལག་བསྟར་བྱེད་པ། བཅོས་བསྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པའི་མཛུབ་སྟོན་བསམ་བློ་དང་རྩ་དོན་གལ་ཆེན། བྱེད་ཐབས་གལ་ཆེན་སོགས་ཀྱི་ཕྱོགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སྒྲོག་འགྲེལ་ཆ་ཚང་དང་འགྲེལ་ཀློག་ཟབ་མོ་བྱས།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་ཕྱོགས་བསྡུས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ལུས་པོ་ཡིས་བསྟན་དོན། སྒྲོག་འགྲེལ་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་སྐད་ཆར་གསོན་ཉམས་ལྡན་ཞིང་གོ་སླ་ལ། ཚང་མས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྒྱུས་ལོན་དང་ལག་བསྟར་ཟབ་མོ་བྱེད་པའི་ཐད་མཛུབ་སྟོན་དང་སྐུལ་འདེད་ཀྱི་ནུས་པ་ལྡན་པས། ང་ཚོས་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ་དང་རང་འགུལ་གྱིས་འབད་འཐབ་བྱེད་པ་དང་། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་ཟབ་མོ་བྱེད་པ། ཚང་འཛོམས་གྲོས་ཚོགས་ཀྱིས་བཏོན་པའི་དམིགས་འབེན་ལས་འགན་སྣ་ཚོགས་ལ་དམ་དུ་དམིགས་པ་དང་། དམངས་ཆེན་གྱི་གནས་ཐིག་གཏན་ཁེལ་དང་ཁྱད་ཆོས་ལ་རྐང་བཙུགས་ཏེ། དམངས་ཆེན་བྱ་བའི་ཁྱད་ཆོས་དང་དམངས་ཆེན་ལམ་ལུགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པའི་ཐབས་ལམ་དང་འདྲེན་བྱེད། བྱེད་ཐབས་འཚོལ་ཞིབ་བྱེད་པ་དང་མངོན་པར་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་དམངས་ཆེན་བྱ་བའི་བཅོས་སྒྱུར་གསར་གཏོད་ལ་སྐུལ་འདེད་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

ཞིང་ཆེན་སྤྱིའི་བཟོ་ཚོགས་ལས་ཁུངས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅིན་ཧུའེ་ཡིས་བཤད་རྒྱུར། སྒྲོག་འགྲེལ་གྱི་གཙོ་གནད་འབུར་དུ་ཐོན་པ་དང་གཏན་ཚིགས་དམ་གསལ་ཡིན་ལ། བསམ་བློ་རང་བཞིན་དང་མཛུབ་སྟོན་རང་བཞིན། ལག་ལེན་རང་བཞིན་ཆེན་པོ་ལྡན་པས། ཚང་འཛོམས་གྲོས་ཚོགས་ཀྱི་སྲོག་ཤིང་གོ་དོན་དང་ནང་དོན་ཕུན་སུམ་ཚོགས་པ། ལག་ལེན་རེ་བར་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཐོན་ལས་བཟོ་བའི་དཔུང་སྡེའི་འཛུགས་སྐྲུན་བཅོས་བསྒྱུར་སྤེལ་བ། བཟོ་ཚོགས་རྩ་འཛུགས་ཀྱི་ལས་བཟོ་བར་མཐུན་སྒྲིལ་བྱེད་པ་དང་སློབ་གསོ་གཏོང་བའི་བྱེད་ནུས་འདོན་སྤེལ་བྱེད་པ། རྒྱ་ཆེའི་ལས་བཟོ་བ་དང་མང་ཚོགས་ཀྱིས་ཚད་ཆེས་ཆེ་བའི་སྒོ་ནས་བཅོས་བསྒྱུར་གྱི་ཐུན་མོང་ལྟ་བ་གཅིག་ཏུ་བསྡུ་བར་སྣེ་ཁྲིད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བའི་ཐད་ཤེས་ལྡན་མི་སྣའི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།

ཟི་ལིང་གྲོང་ཁྱེར་ཚོང་དོན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་དབྱང་ཧྥེ་ཡིས། གཟེར་འདེབས་སྙིང་སྟོབས་ཀྱིས་བཅོས་སྒྱུར་ལས་འགན་སྣ་ཚོགས་ལག་བསྟར་བྱེད་པ་དང་། འགན་འཁྲི་ངེས་གནས་ལ་རྐང་འཛུགས་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒྲིག་གཞི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་སྟེང་འགལ་སྒྲོག་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་པའི་སྟེང་བྱས་རྗེས་གསར་བ་འཇོག་པ། དེ་དང་མཉམ་དུ་བཅོས་བསྒྱུར་གྱི་བསམ་ཕྱོགས་དང་བྱེད་ཐབས་ལ་བརྟེན་ནས་ཉོ་ཚོང་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་འབེན་ལ་རྒྱུན་མཐུད་གཙིགས་འཛིན་བྱེད་པ། པར་རིས་གཅིག་དང་གསལ་ཕྲ་གཅིག རེའུ་མིག་གཅིག རྐྱེན་སྲོལ་གཅིག་གི་བྱ་བའི་རེ་བ་ལག་བསྟར་ནན་མོ་བྱེད་པ། འཛད་སྤྱོད་དངོས་རྫས་རྙིང་བ་གསར་བརྗེ་བྱེད་པ། འཛད་སྤྱོད་ཀྱི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་རྒྱ་སྐྱེད་དེ། ཚོང་དོན་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་རྒྱ་ཆེའི་མང་ཚོགས་ལ་ཕན་འདོགས་པར་སྐུལ་འདེད་གཏོང་དགོས་པའི་ཚུལ་བསྟན།

རིན་ཆེན་མཚོས་བསྒྱུར།