ཟླ8པའི་ཚེས16ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་སུམ་ཅུ་པ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་མགོ་འཛིན་བྱས་ཤིང་། ཉི་མ་སྒྲོལ་མ་དང་ལིའུ་ཐུང་ཏི། ལུའེ་ཀང་། ཝང་ཅིན་ཀྲེ། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་གྱིས་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་འི་སྲོལ་ཡིག་འཆར་ཟིན་སྐོར་གྱི་སྤྱི་ཞུ་བྱ་བའི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་དོན་སྒྲིག་སྲོལ་འཆར་ཟིན་གྱི་གྲོས་གཞིའི་ཚབ་བྲིས་མ་ཡིག་དང་། མཚོ་སྔོན་ཞིང་ཆེན་གྱི་འཕང་འབྲས་ཐོན་ལས་ཡར་སྐུལ་སྲོལ་ཡིག་གི་འཆར་ཟིན། མཚོ་སྔོན་ཞིང་ཆེན་གྱི་ལས་འགན་ཉེས་བསགས་སྔོན་འགོག་བྱ་བའི་སྲོལ་ཡིག་དང་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་བཅོས་སྐྱོང་བདེ་འགོད་བྱ་བའི་ཕྱོགས་བསྡུས་བཅོས་སྐྱོང་སྲོལ་ཡིག་མེད་པར་བཟོ་བ་བཅས་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་གྲོས་གཞིའི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པར་མ་ཟད། རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས་དང་། མཚོ་སྔོན་ཞིང་ཆེན་གྱི་ཙོང་ཆུའི་བཞུར་རྒྱུད་ཀྱི་ཆུ་འབག་བཙོག་སྔོག་འགོག་བཅོས་སྐྱོང་སྲོལ་ཡིག་དངོས་འབེབས་གནས་ཚུལ་ལ་ཆེད་དོན་འདྲི་རྟོགས་བྱས་པའི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་སྙན་ཞུའི་གྲ་སྒྲིག་གནས་ཚུལ་བཅས་ལ་ཉན། ཀྲུའུ་རིན་གྲོས་ཚོགས་སྟེང་གོང་གི་གྲོས་གཞི་ཁག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་གྲོས་གཞིའི་ཁྲོད་འཇོག་རྒྱུར་འཐད་པ་བྱུང་།
གྲོས་ཚོགས་ལས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མཁར་གྲོང་དང་གྲོང་ཁྱེར་སྲིད་འཛིན་སྤྱི་སྤྱོད་སྒྲིག་ཆས་དོ་དམ་སྲོལ་ཡིག་གི་བཟོ་བཅོས་གཏན་འབེབས་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ཡར་སྐུལ་སྲོལ་ཡིག ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཆུའི་ཐོན་ཁུངས་སྲུང་སྐྱོབ་སྲོལ་ཡིག རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བདེ་འཇགས་འཛུགས་སྐྲུན་སྲོལ་ཡིག ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་སྲོལ་ཡིག་བཅས་ལ་གྲོས་ཞིབ་བྱེད་པའི་སྐོར་གྱི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུ་ལ་ཉན། ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་ལོ་ལྔའི་འཆར་འགོད་ཐེངས་བཅུ་བཞི་པ་དང2035ལོའི་མདུན་ལྟའི་དམིགས་འབེན་རྩ་གནད་ལག་བསྟར་བྱས་པའི་དུས་དཀྱིལ་དཔྱད་འཇོག་གི་སྙན་ཞུ་དང་། 2023ལོའི་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་གྱི་ཕྱོགས་བསྡུས་སྙན་ཞུ་དང་སྲིད་འཛིན་ལས་དོན་རང་བཞིན་གྱི་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་གྱི་ཆེད་དོན་སྙན་ཞུ། རང་ཞིང་གི་རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་ཀྱི་སྟེགས་བུ་ཆེན་པོ་བཅུའི་འཛུགས་སྐྲུན་གནས་ཚུལ་གྱི་ཆེད་དོན་བྱ་བའི་སྙན་ཞུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་སྐོར་གྱི་གནས་ཚུལ་སྙན་ཞུའི་གྲོས་གཞིའི་བསམ་ཚུལ་དང་ཆེད་དོན་འདྲི་རྟོག་གི་འགན་ལེན་ལས་དོན་ཁག་གི་དག་ཐེར་གནས་ཚུལ་གྱི་ཆེད་དོན་བྱ་བ་སྒྲུབ་པའི་སྙན་ཞུའི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་དང་མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་སྲོལ་ཡིག་ལག་བསྟར་གནས་ཚུལ་གྱི་ཞིབ་བཤེར་སྙན་ཞུའི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པར་མ་ཟད། ཞིང་ཆེན་དམངས་ཆེན་འཐུས་མིས་གྲོས་གཞི་སྒྲུབ་པ་དང་སྐུལ་སྒྲུབ་བྱས་པའི་སྐོར་གྱི་གནས་ཚུལ་སྙན་ཞུའི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུ་ལ་ཉན། ཀྲུའུ་རིན་གྲོས་ཚོགས་སྟེང་གོང་གི་གྲོས་གཞི་ཁག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་གྲོས་གཞིར་འཇོག་རྒྱུ་དང་། ཐེངས་རྗེས་མའི་ཀྲུའུ་རིན་གྲོས་ཚོགས་ཀྱི་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུར་འཐད་པ་བྱུང་།
གྲོས་ཚོགས་ལས་མི་དོན་བསྐོ་འཐེན་ལས་རིམ་སྐོར་གྱི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། ཀྲུའུ་རིན་གྲོས་ཚོགས་སྟེང་ཐེངས་རྗེས་མའི་ཀྲུའུ་རིན་གྲོས་ཚོགས་ཀྱི་གྲོས་གཞི་བཀོད་སྒྲིག་བྱ་རྒྱུར་འཐད་པ་བྱུང་།
གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པའི་གྲོས་འདོན་གྲོས་གཞི་དང་གྲོས་ཚོགས་བསྡུ་བའི་དུས་ཚོད་སྐོར་གྱི་སྙན་ཞུར་ཉན་པ་དང་། མཚོ་སྔོན་ཞིང་ཆེན་གྱི2024ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་གྱི་སྙན་ཞུའི་གྲོས་ཞིབ་བསམ་ཚུལ་དང་མཚོ་སྔོན་ཞིང་ཆེན་གྱི2024ལོའི་ལོ་སྟོད་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ་གྱི་སྙན་ཞུའི་གྲོས་ཞིབ་བསམ་ཚུལ། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ས་བོན་བཅའ་ཁྲིམས་ལག་བསྟར་གནས་ཚུལ་གྱི་སྙན་ཞུར་ཞིབ་བཤེར་བྱས་པའི་གྲོས་གཞིའི་བསམ་ཚུལ་གྱི་མ་ཟིན་བྲིས་པའི་གནས་ཚུལ་གྱི་སྙན་ཞུར་ཉན། ཀྲུའུ་རིན་གྲོས་ཚོགས་སྟེང་གོང་གསལ་སྙན་ཞུ་དག་ལ་འཐད་པ་བྱུང་།
རིག་འཛིན་སྒྲོལ་མས་བསྒྱུར།