ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་སྔ་གཞུག་ཏུ་བསྡུས།
2024.08.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 26

ཉེ་ཆར། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་ཕྱིར་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས། ཞིང་ཆེན་ཏང་ཨུའི་བླང་བྱ་དངོས་འབེབས་བྱས་པ་དང་། འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་དང་རང་བྱུང་གཟུགས་འདས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུནའཛིན་བེད་སྤྱོད་ཐད་ཤུགས་སྣོན་པའི་བྱ་བར་བཏོན་པའི་མཛུབ་སྟོན་གལ་ཆེན་དང་། ཧུའུ་པེ་ཧྲི་ཡན་གྲོང་ཁྱེར་ཏན་ཅང་ཁོའུ་ཆུ་མཛོད་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་དང་བླངས་པར་འཕྲིན་ལན་གལ་ཆེན་བསྐུར་བའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། རིག་གནས་དང་རང་བྱུང་གཟུགས་འདས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བེད་སྤྱོད་བྱེད་པར་ཤུགས་སྣོན་པ་དང་། དངོས་མིན་གཟུགས་འདས་ཤུལ་བཞག་རིག་གནས་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་རིག་གནས་མ་ལག་འཐུས་ཚང་འཛུགས་པ་དང་། འབྲི་ཆུ་དང་རྨ་ཆུ། དམར་དམག་རྒྱང་སྐྱོད་བཅས་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་པར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་གསུམ་དང་ཞིང་ཆེན་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་ལྔའི་འཛུགས་སྐྲུན་ཆུ་ཚད་མཐོར་འདེགས་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་པར་མཉམ་འདྲེས་གཏིང་ཟབ་བྱེད་ཅིང་། རིག་གནས་དང་རང་བྱུང་གཟུགས་འདས་ཤུལ་བཞག་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། རིག་གནས་དམངས་ཕན་བྱ་འགུལ་རྒྱ་ཆེར་སྤེལ་ཏེ། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་འཚོ་བའི་དགོས་མཁོ་ལེགས་པོར་བསྐངས་དགོས། སྟོབས་ཤུགས་གཅིག་སྡུད་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཆུ་ཚད་མཐོན་པོས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་ཅིང་། དམངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཞུགས་པའི་བརྩོན་སེམས་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སྤེལ་བྱེད་པ་དང་། ཕྱོགས་ཡོངས་ནས་མཛེས་སྡུག་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་འབུལ་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བྱ་བར་བཀོད་གཏོང་བཀོད་སྒྲིག་བྱས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར། བརྟན་འཇགས་འཕར་སྣོན་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་བ་དང་། ལོ་ཧྲིལ་བོའི་དམིགས་འབེན་དམ་འཛིན་བྱས་ནས་གཡོ་འགུལ་མི་བྱེད་པ། ནུས་ཤུགས་ཡོད་རྒུས་རེའུ་མིག་གཅིག་དང་། གསལ་ཁྲ་གཅིག འཆར་གཞི་གཅིག  རྐྱེན་སྲོལ་གཅིག་བཅས་དོན་འཁྱོལ་བྱེད་ཅིང་། གོ་སྐབས་དམ་འཛིན་བྱེད་ལ།  ཞན་སར་ཁ་གསབ་བྱེད་པ་དང་མི་ལེགས་པ་འདོར་བ། གཞི་ཁྱོན་རྒྱ་བསྐྱེད་པ་དང་སྦས་ཤུགས་སྔོག་འདོན་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་དགོས། ཁྱོན་ཡོངས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། གོང་འོག་མཐུན་སྦྱོར་དང་ཕྱོགས་གཉིས་ཟུང་འབྲེལ་བྱས་ཏེ། གནད་འཁེལ་ནུས་མཐོ་སྒོས་བཅོས་སྒྱུར་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ཕྱི་ཚུལ་རིང་ལུགས་དག་ཐེར་ལེགས་བཅོས་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་གཏན་འབེབས་འགའ་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་འགོག་པའི་ཐད་ཀྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་ཅིང་། ཚང་མའི་སྣེ་ཁྲིད་དེ་ཕྱི་ཚུལ་རིང་ལུགས་དག་ཐེར་ལེགས་བཅོས་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་གཏན་འབེབས་འགའ་སློབ་སྦྱོང་དང་ལག་བསྟར་བྱེད་པ། གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་སྟོབས་ནུས་སྦྱིན་པ། མཐའ་གཅིག་ཏུ་རང་ངོས་གསར་བརྗེ་བྱེད་པའི་དགོངས་དོན་གྱིས་དོན་འཁྱོལ་དམ་འཛིན་ནན་མོ་བྱེད་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཁྲིད་སྟོན་བྱས་ནས་སྲིད་སྐྱོང་བྱས་རྗེས་ལྟ་བ་ཡང་དག་འཛུགས་ཤིང་། ཁག་ཁུར་ལས་སྒྲུབ་ལ་སྐུལ་སྤེལ་བྱས་ཏེ། སྲིད་གཞུང་གི་སྲིད་འཛིན་འགན་ནུས་མུ་མཐུད་དུ་མཐོར་འདེགས་གཏོང་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བ་དང་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་གྱི་འགུལ་སྐྱོད་སྤེལ་བའི་གནས་ཚུལ་གྱི་སྙན་ཞུར་ཉན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་འཇགས་ཐོན་སྐྱེད་ཐད་བཏོན་པའི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་ཅིང་། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་བྱས་ཏེ། བདེ་འཇགས་ཐོན་སྐྱེད་རྩ་བཅོས་འགག་སྒྲོལ་གྱི་འགུལ་སྐྱོད་ཆེན་མོ་དགུ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་པ་དང་། གནོད་འགོག་གནོད་སེལ་རྒུད་སྐྱོབ་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་པ། ངོ་བོའི་བདེ་འཇགས་ཆུ་ཚད་ཇེ་མཐོར་གཏོང་བ་དང་། དོན་རྐྱེན་ཚབས་ཆེན་འབྱུང་བར་མཐའ་གཅིག་ཏུ་ཚོད་འཛིན་བྱས་ཏེ། ཆུ་ཚད་མཐོ་བའི་བདེ་འཇགས་ཀྱིས་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་ཞུ་གཏུག་བྱ་དགའི་བྱེད་ཐབས་དང་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་རྩོད་གཞི་སྔོན་འགོག་དང་ཐག་གཅོད་བྱེད་ཐབས་འཆར་ཟིན་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་།

གྲོས་ཚོགས་སྟེང་ད་དུང་བྱ་བ་གཞན་དག་ལ་ཞིབ་འཇུག་བྱས།

ལྷ་མོ་འཚོས་བསྒྱུར།