

ཨུ་རུ་སིའི་ཙུང་ལི་མུས་ཧྲུའུ་སི་ཅིན་གྱིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཟླ8པའི་ཚེས20ཉིན་གྱི་སྔ་དྲོར་ཆེད་བཏང་གནམ་གྲུར་བཞུགས་ཏེ། པེ་ཅིང་ནས་མོ་སི་ཁོར་ཀྲུང་གོ་དང་ཨུ་རི་སིའི་ཙུང་ལིའི་དུས་བཅད་གྲོས་མོལ་ཐེངས་ཉེར་དགུ་པར་ཞུགས་པ་དང་ཨུ་རུ་སིར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས། ས་དེའི་ཟླ8པའི་ཚེས20ཉིན་གྱི་ཕྱི་དྲོ། ལིས་ཆང་ཆེད་བཏང་གནམ་གྲུར་བཞུསག་ཏེ་མོ་སི་ཁོའི་ཧྥུའུ་ནུའུ་ཁོ་ཝོ་གནམ་གྲུ་ཐང་དུ་འབྱོར། ཨུ་རུ་སི་ཕྱོགས་ཀྱིས་གནམ་གྲུ་ཐང་དུ་ལིས་ཆང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་བསྡུས། འདི་ནི་ལིས་ཆང་གིས་ཨུ་རུ་སིའི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་མཛད་པའི་ཚུལ་རེད།
ཨུ་རུ་སིའི་ཙུང་ལི་མུས་ཧྲུའུ་སི་ཅིན་གྱིས་གདན་དྲངས་པ་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཟླ8པའི་ཚེས20ཉིན་གྱི་སྔ་དྲོ་ཆེད་བཏང་གནམ་གྲུར་བཞུགས་ཏེ། པེ་ཅིང་ནས་མོ་སི་ཁོར་ཀྲུང་གོ་དང་ཨུ་རུ་སིའི་ཙུང་ལིའི་དུས་བཅད་གྲོས་མོལ་ཐེངས་ཉེར་དགུ་པར་ཞུགས་པ་དང་ཨུ་རི་སིར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས། རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་བཞེས་པའི་ཝུའུ་ཀྲིན་ལུང་སོགས་ཕེབས་རོགས་མི་སྣ་གནམ་གྲུར་བསྡད་དེ་པེ་ཅིང་དང་བྲལ།
ས་དེའི་ཚེས20ཉིན་གྱི་ཕྱི་དྲོ། ལིས་ཆང་ཆེད་བཏང་གནམ་གྲུར་བཞུགས་ཏེ་མོ་སི་ཁོའི་ཧྥུའུ་ནུའུ་ཁོ་ཝོ་གནམ་གྲུ་ཐང་དུ་འབྱོར། ཨུ་རུ་སི་ཕྱོགས་ཀྱིས་གནམ་གྲུ་ཐང་དུ་ལིས་ཆང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་བསྡུས། ལིས་ཆང་གིས་ཨུ་རི་སིའི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་མཛད།
མོ་སི་ཁོ་རུ་མ་འབྱོར་སྔོན་ཀྲུང་གོ་དང་ཨུ་རུ་སིའི་ཙུང་ལིའི་དུས་བཅད་གྲོས་མོལ་ལ་ཞུགས་མཁན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥིན་དང་། རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་གནམ་གྲུ་ཐང་དུ་ཡོང་ནས་བསུ་མ་བྱས། ཨུ་རུ་སིར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲང་ཧན་ཧོས་ཀྱང་གནམ་གྲུ་ཐང་དུ་ཡོང་ནས་བསུ་མ་བྱས།
ལིས་ཆང་གིས་བསྟན་དོན། འདས་ཟིན་པའི་ལོ75ཡི་རིང་། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཉམས་སད་ཐེག་ནས་དུས་ཡུན་རིང་པོར་ཇེ་བརྟན་དུ་སོང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་གྱི་འཐབ་ཇུས་སྣེ་ཁྲིད་འོག དུས་རབས་གསར་པའི་ཀྲུང་ཨུའི་འབྲེལ་བར་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་འཕེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་ཕྱིན་ལ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་དང་། བརྩེ་བ་ཟབ་མོ་མི་རྣམས་ཀྱི་སེམས་གཏིང་དུ་སིམ་ཡོད་ཅིང་། རྒྱལ་སྤྱིའི་མཉམ་ལས་དམ་ཟབ་དང་ཕན་ནུས་ལྡན་པར་གྱུར་ནས། རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་ཁྱིམ་མཚེས་རྒྱལ་ཁབ་ཆེན་མོའི་འབྲེལ་བའི་དཔེ་མཚོན་བཙུགས་ཡོད།
ལིས་ཆང་གིས་བསྟན་དོན། ད་ལོར། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་མཇལ་འཕྲད་དང་གྲོས་མོལ་ཐེངས་གཉིས་མཛད་ནས། ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་ཐོག་འཕེལ་རྒྱས་གསར་པ་ཡོང་ཆེད་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། ང་ཐེངས་འདིར་ཨུ་རུ་སིར་འཚམས་འདྲིར་ཡོང་དོན་ནི་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་དང་། མི་རབས་ནས་མི་རབས་བར་མཛའ་བརྩེ་རྒྱུན་མཐུད་བྱེད་པ། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་ཀྱི་ཆེད་དུ་ཡིན། ཕྱོགས་གཉིས་ཀྱིས་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ན། ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བས་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་བསུ་ངེས་ཡིན།
ཤ་བོ་རིན་མཚོས་བསྒྱུར།