ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམངས་ཆེན་རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་དུ་ཞུགས་ནས་ལོ40འཁོར་བར་རྗེས་དྲན་ཞུ་བའི་བྱེད་སྒོ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོས་མིའི་བགྲོ་གླེང་འཛིན་གྲྭར་ཞུགས་པའི་ཕྱི་ཕྱོགས་གྲོས་ཁང་གི་འགོ་ཁྲིད་པར་མཇལ་འཕྲད་གནང་།
2024.08.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 112


ཟླ8པའི་ཚེས20ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅི་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། རྒྱལ་ཡོངས་དམངས་ཆེན་རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་དུ་ཞུགས་ནས་ལོ40འཁོར་བར་རྗེས་དྲན་ཞུ་བའི་བྱེད་སྒོ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོས་མིའི་བགྲོ་གླེང་འཛིན་གྲྭ་ཐེངས་དྲུག་པར་ཞུགས་པའི་ཕྱི་ཕྱོགས་གྲོས་ཁང་གི་འགོ་ཁྲིད་པར་མཇལ་འཕྲད་གནང་།

ཟླ8པའི་ཚེས20ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅི་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། རྒྱལ་ཡོངས་དམངས་ཆེན་རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་ནང་ཞུགས་ནས་ལོ40འཁོར་བར་རྗེས་དྲན་ཞུ་བའི་བྱེད་སྒོ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོས་མིའི་བགྲོ་གླེང་འཛིན་གྲྭ་ཐེངས་དྲུག་པར་ཞུགས་པའི་ཕྱི་ཕྱོགས་གྲོས་ཁང་གི་འགོ་ཁྲིད་པར་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་རྒྱལ་ཁབ་སོ་སོའི་གྲོས་དཔོན་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་ནས་བསྟན་དོན། གྲོས་དཔོན་རྣམ་པ་གླིང་ཆེན་མི་འདྲ་བ་ནས་ཡོང་བ་དང་། ང་ཚོ་ཚང་མ“འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ”ཀྱི་ཁོངས་མི་ཡིན། རྒྱལ་ཁབ་སོ་སོའི་རང་སྟེང་གི་གནས་ཚུལ་མི་འདྲ་བ་དང་ཆ་རྐྱེན་མི་འདྲ་ནའང་། ང་ཚོ་ཚང་མ་བློ་སེམས་གཅིག་མཐུན་གྱི་སྤུན་ཟླ་ཡག་པོ་དང་ཟླ་གྲོགས་ཡག་པོ་ཡིན། མིག་སྔར། འཛམ་གླིང་གི་གནས་སྟངས་ལ་འཕོ་འགྱུར་གང་མགྱོགས་བྱུང་མུས་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་དང་མཉམ་དུ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དར་སྤེལ་བཏང་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ། ང་ཚོ་མཉམ་དུ་འཚོ་གཞེས་གནང་སའི་སའི་གོ་ལ་འདི་ཉིད་འཆམ་མཐུན་གྱི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་བསྐྲུན་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཁྲིམས་འཛུགས་སྒྲིག་གཞིའི་འགྲོ་འོང་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཁྲིམས་འཛུགས་སྒྲིག་གཞིར་ཕན་ཚུན་འདྲ་མཉམ་དང་ཕན་ཚུན་ཡིད་ཆེས་བྱེད་པའི་རྒྱལ་ཁབ་ཀྱི་འབྲེལ་བ་འཛུགས་རྒྱུ་དང་། གཉིས་ཕན་གཉིས་རྒྱལ་གྱི་འཕེལ་རྒྱས་མཉམ་ལས་རྒྱ་སྐྱེད་གཏོང་བ། སྒོ་འབྱེད་དཀྱེལ་ཡངས་ཀྱི་ཕན་ཚུན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་དམིགས་བསལ་གྱི་ལེགས་སྐྱེས་འབུལ་རྒྱུའི་འགན་འཁྲི་ཡོད་ལ་ནུས་པ་ཡང་ལྡན་ཁོ་ཐག་ཡིན། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ“འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ”ཀྱི་ཁོངས་མི་ཞིག་ཡིན་པ་དང་། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་བྱ་རྒྱུ་ནི་ཀྲུང་གོའི་ཕྱི་ཕྱོགས་འབྲེལ་བའི་གཡོ་འགུལ་གཏོང་མི་རུང་བའི་རྨང་རྡོ་ལྟ་བུ་ཡིན། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚུད་པའི་རྒྱལ་ཁབ་ཁག་དང་མཉམ་དུ། ཞི་བདེའི་འཕེལ་རྒྱས་དང་གཉིས་ཕན་མཉམ་ལས། ཐུན་མོང་དར་རྒྱས་བཅས་ཀྱི་འཛམ་གླིང་དེང་རབས་ཅན་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། མཉམ་དུ་ཞི་བདེར་སྲུང་སྐྱོབ་བྱེད་པའི་བརྟན་བརླིང་གི་སྟོབས་ཤུགས་དང་སྒོ་འབྱེད་འཕེལ་རྒྱས་ཀྱི་རྐང་འཛིན་སྟོབས་ཤུགས། འཛམ་གླིང་ཧྲིལ་པོ་བཅོས་སྐྱོང་གི་འཛུགས་སྐྲུན་སྟོབས་ཤུགས། ཤེས་རིག་ཕན་ཚུན་དཔྱད་གཞིར་འཛིན་པའི་སྐུལ་འདེད་སྟོབས་ཤུགས་བཅས་བྱེད་འདོད་ཡོད་ཅེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་ཞིང་། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་བ་དེས་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྒུལ་ནུས་གསར་པ་སྣོན་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཁག་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་གོ་སྐབས་གསར་པ་མཁོ་འདོན་བྱ་རྒྱུ་ཡིན་ལ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད་མདུན་ལམ་གསར་པ་བསྐྲུན་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་གི་ཁྲིམས་འཛུགས་སྒྲིག་གཞི་དང་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་དེ་གའི་གནས་ཚུལ་དང་འཚམ་པའི་དེང་རབས་ཅན་གྱི་བགྲོད་ལམ་མཉམ་དུ་འཚོལ་ཞིབ་བྱེད་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོའི་བཅོས་སྐྱོང་ཐད་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་གལ་ཆེན་ཞིག་ནི། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཏུ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་སྟེང་བསྐྱོད་དེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན། བྱ་བ་ཡོད་ན་གྲོས་མོལ་བྱེད་བདེ་བ་དང་མི་མང་གི་བྱ་བ་ནི་མི་མང་གིས་གྲོས་མོལ་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་འདོད་བློ་དང་རེ་འདུན་གྱི་སྤྱིའི་བགོས་གྲངས་ཆེ་ཤོས་འཚོལ་རྒྱུ་ནི། མི་དམངས་དམངས་གཙོའི་བདེན་ལུགས་རྣལ་མ་ཞིག་ཡིན། བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོར་ལམ་ལུགས་ཀྱི་གོ་རིམ་ཆ་ཚང་ཞིག་ཡོད་པར་མ་ཟད། ལག་ལེན་ནང་ཞུགས་པའང་ཆ་ཚང་ཡོད་པས། རྒྱ་ཁྱབ་དང་བདེན་པ། གོ་ཆོད་བཅས་ཡིན། ཀྲུང་གོ་ཕྱོགས་ཀྱིས་སྔར་བཞིན་རྒྱལ་ཡོངས་དམངས་ཆེན་གྱི་རྒྱལ་ཁབ་སོ་སོའི་གྲོས་ཚོགས་དང་མནའ་འབྲེལ་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཕན་ཚུན་གྱིས་བདམས་པའི་འཕེལ་རྒྱས་བགྲོད་ལམ་དང་ལམ་ལུགས་ཀྱི་རྣམ་པར་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་དུ། ཁྲིམས་འཛུགས་དང་རྒྱལ་སྐྱོང་སྲིད་སྐྱོང་གི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ཏེ། མཉམ་དུ་འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་བཏང་ནས། “འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི”རྒྱལ་ཁབ་ཀྱི་མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་གཏོང་ཆེད་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་གཏོད་རྒྱུ་དང་དམངས་འདོད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུ་ཡིན་ཞེས་གསུངས།

རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་གྱི་ཀྲུའུ་ཞི། ཐན་ཙན་ནི་ཡའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཨ་ཁི་སུང་དང་། ནཱ་སྨི་པི་ཡའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཁ་ཅཱ་ཝུའེ་ཝུའེ། སུའུ་ལི་ནན་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་པའེ་བཅས་ཀྱིས་ཕྱི་ཕྱོགས་ཀྱི་ཚབ་ཞུས་ནས་གཏམ་བཤད་གནང་།

བན་དེ་སྐྱབས་ཀྱིས་བསྒྱུར།