ཀྲའོ་ལི་ཅི་ཡིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་དུ་ཞུགས་ནས་ལོ40འཁོར་བར་རྗེས་དྲན་ཞུ་བའི་བྱེད་སྒོར་ཞུགས།
2024.08.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ8པའི་ཚེས20ཉིན་གྱི་སྔ་དྲོ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་དུ་ཞུགས་ནས་ལོ40འཁོར་བར་རྗེས་དྲན་ཞུ་བའི་བྱེད་སྒོ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོས་མིའི་བགྲོ་གླེང་འཛིན་གྲྭ་ཐེངས་དྲུག་པའི་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད《མཐུན་སྒྲིལ་མཉམ་ལས་དང་སྔ་འཛིན་ཕྱི་གཏོད་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་མཉམ་ཤུགས་སྟོབས་ཆེན་གཅིག་སྡུད་བྱེད་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གཙོ་དོན་གསུང་བཤད་གནང་།

ཟླ8པའི་ཚེས20ཉིན་གྱི་སྔ་དྲོ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་དུ་ཞུགས་ནས་ལོ40འཁོར་བར་རྗེས་དྲན་ཞུ་བའི་བྱེད་སྒོ་་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོས་མིའི་བགྲོ་གླེང་འཛིན་གྲྭ་ཐེངས་དྲུག་པའི་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད《མཐུན་སྒྲིལ་མཉམ་ལས་དང་སྔ་འཛིན་ཕྱི་གཏོད་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་མཉམ་ཤུགས་སྟོབས་ཆེན་གཅིག་སྡུད་བྱེད་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གཙོ་དོན་གསུང་བཤད་གནང་།

ཀྲའོ་ལི་ཅི་ཡིས་བསྟན་དོན། རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་ནི་དེང་སྐབས་འཛམ་གླིང་སྟེང་ལོ་རྒྱུས་ཡུན་རིང་ལྡན་པ་དང་།    གཞི་ཁྱོན་ཧ་ཅང་ཆེ་བ།    ཤུགས་རྐྱེན་ཆེས་ཆེ་བའི་རྒྱལ་སྤྱིའི་གྲོས་ཁང་རྩ་འཛུགས་ཤིག་ཡིན་པ་དང་། རྒྱལ་ཁབ་སོ་སོའི་ཁྲིམས་འཛུགས་ལས་ཁུངས་ཀྱིས་གྲོས་མོལ་བརྗེ་རེས་དང་མཉམ་ལས་ཐུན་མོང་གིས་དོན་གཉེར་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་རེད།     གྲོས་ཁང་མནའ་འབྲེལ་དུ་ཞུགས་ནས་ལོ40འཁོར་བའི་རིང་ལ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་གྲོས་ཁང་མནའ་འབྲེལ། ད་དུང་རྒྱལ་ཁབ་སོ་སོའི་ཁྲིམས་འཛུགས་ལས་ཁུངས་བར་གྱི་མཉམ་ལས་རྒྱུན་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་ཡོད།     ཀྲུང་གོ་ཕྱོགས་ཀྱིས་གྲོས་ཁང་མནའ་འབྲེལ་དང་རྒྱལ་ཁབ་སོ་སོའི་ཁྲིམས་འཛུགས་སྒྲིག་གཞི་དང་མཉམ་དུ་བརྗེ་རེས་ཀྱི་རྣམ་པ་རྒྱ་ཆེར་གཏོང་བ་དང་། མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་སྟེ་གཡུར་ཟའི་གྲུབ་འབྲས་རྒྱུན་ཆད་མེད་པར་ལེན་འདོད་ཡོད།

ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་འགོ་དང་།    འཛམ་གླིང་བདེ་འཇགས་ཀྱི་གྲོས་འགོ། འཛམ་གླིང་དཔལ་ཡོན་གྱི་གྲོས་འགོ། སྤུས་ཚད་མཐོན་པོས “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་བཅས་བཏོན་པ་དང་། དེའི་དམིགས་ཡུལ་ནི་ཕྱོགས་སོ་སོས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་བ་དང་།    ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད།    མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ།    ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་བཅས་རེད།    འཛམ་གླིང་གི་གྲོས་འགོ་ཆེན་པོ་གསུམ་དོན་འཁྱོལ་དང་མཐུན་སྒྲིལ་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་ཁྲིམས་འཛུགས་ལས་ཁུངས་ཀྱི་མཉམ་ལས་ཐད་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག ཕན་ཚུན་ཡིད་ཆེས་རྒྱུན་འཁྱོངས་བྱེད་པ་དང་།    རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་རང་བདག་གིས་བདམས་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་དང་ལམ་ལུགས་ཀྱི་མ་དཔེ་ལ་བརྩི་འཇོག ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་དང་།    དཔུང་ཁག་གི་འགྲན་རྒོལ་དང“ཤོག་ཁག་ཆུང་ངུ”སྣ་ཚོགས་ལ་ངོ་རྒོལ་བཅས་བྱས་ཏེ།    ཐུན་མོང་དང་ཕྱོགས་བསྡུས།    མཉམ་ལས།    རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་ལག་བསྟར་བྱེད་དགོས།     ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱས་ཏེ། ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།     བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་པ་དང་།    འཛམ་གླིང་དཔལ་ཡོན་གྱི་སྣ་མང་རང་བཞིན་ལ་བརྩི་འཇོག རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ཏེ་མཉམ་ལས་ལ་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་གཏོད་དགོས།     ཕྱོགས་མང་མཉམ་ལས་དམ་ཟབ་དང་།    ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་པ།    འདྲ་མཉམ་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་ལ་སྐུལ་འདེད་གཏོང་བ།    འཛམ་གླིང་བཅོས་སྐྱོང་མ་ལག་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

གྲོས་ཁང་མནའ་འབྲེལ་གྱི་ཀྲུའུ་ཞི། ཐན་ཙན་ནི་ཡའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཨ་ཁི་སུང་དང་།   གྲོས་ཁང་མཉམ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཁྲུན་ཀུང་།    འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ32ནས་ཡོང་བའི་གྲོས་ཁང་གི་འགོ་ཁྲིད་པ་དང་འཐུས་མི་འགོ་རྩོམ་མཛད་སྒོར་ཞུགས།     ཨ་ཁི་སུང་དང་ཁྲུན་ཀུང་།    ཨེ་ཅིབ་ཀྱི་དམངས་གྲོས་ཁང་གི་གྲོས་དཔོན་ཅཱ་པཱ་ལི།    ཀི་ལིན་ནཱ་ཏའི་དམངས་གྲོས་ཁང་གི་གྲོས་དཔོན་ཁའེ་ཐའོ།    ཅོར་ཏན་གྱི་གྲོས་ཞུགས་ཁང་གི་གྲོས་དཔོན་ཧྥ་ཡེ་ཚི།    མ་ལ་ཝེ་ཡི་གྲོས་དཔོན་ཧཱ་ལཱ་བཅས་ཀྱིས་འགོ་རྩོམ་མཛད་སྒོའི་སྟེང་ཤིས་ཚིག་ཕུལ།

ཟླ8པའི་ཚེས20ཉིན་གྱི་སྔ་དྲོ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་དུ་ཞུགས་ནས་ལོ40འཁོར་བར་རྗེས་དྲན་ཞུ་བའི་བྱེད་སྒོ་་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོས་མིའི་བགྲོ་གླེང་འཛིན་གྲྭ་ཐེངས་དྲུག་པའི་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད《མཐུན་སྒྲིལ་མཉམ་ལས་དང་སྔ་འཛིན་ཕྱི་གཏོད་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་མཉམ་ཤུགས་སྟོབས་ཆེན་གཅིག་སྡུད་བྱེད་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གཙོ་དོན་གསུང་བཤད་གནང་། མགོ་རྩོམ་མཛད་སྒོ་མ་བསྡུས་སྔོན། ཀྲའོ་ལི་ཅི་ཡིས་གྲོས་ཁང་མནའ་འབྲེལ་གྱི་ཀྲུའུ་ཞི། ཐན་ཙན་ནི་ཡའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཨ་ཁི་སུང་ལ་མཇལ་འཕྲད་གནང་བཞིན་པ།

འགོ་རྩོམ་མཛད་སྒོ་མ་བསྡུས་སྔོན། ཀྲའོ་ལི་ཅི་ཡིས་ཨ་ཁི་སུང་ལ་མཇལ་འཕྲད་གནང་། ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་གྲོས་ཁང་མནའ་འབྲེལ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོས་མིའི་བགྲོ་གླེང་འཛིན་གྲྭ་མུ་མཐུད་དུ་ཐུན་མོང་གིས་ཡག་པོ་གཉེར་ནས། གྲོས་ཁང་མནའ་འབྲེལ་གྱིས་སང་ལོར་འཚོགས་རྒྱུ་ཡིན་པའི་འཛམ་གླིང་གྲོས་ཁང་མནའ་འབྲེལ་ཚོགས་ཆེན་ཐེངས་དྲུག་པའི་གྲ་སྒྲིག་ལ་རྒྱབ་སྐྱོར་བྱས་ཏེ། ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་འཇོག་འདོད་ཡོད།     ཨ་ཁི་སུང་གིས་བསྟན་དོན། གྲོས་ཁང་མནའ་འབྲེལ་གྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་པས། ཀྲུང་གོ་གཅིག་གི་རྩ་དོན་མུ་མཐུད་བརྩི་སྲུང་ནན་མོ་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་གྲོས་ཁང་མཉམ་འབྲེལ་གྱི་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།

ཀྲའོ་ལི་ཅི་ཡིས་ད་དུང་ཨ་ཁི་སུང་དང་།    ཁྲུན་ཀོན།    རྒྱལ་ཁབ་སོ་སོའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་བཅས་ལ་མཉམ་དུ་མཇལ་འཕྲད་གནང་། ཀྲའོ་ལི་ཅི་ཡིས་བསྟན་དོན། ད་ལོ་ནི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ཁྱབ་བསྒྲགས་བྱས་ནས་ལོ70འཁོར་བའི་ལོ་རེད།     ཀྲུང་གོ་ཕྱོགས་ཀྱིས་གྲོས་ཚོགས་མནའ་འབྲེལ་དང་རྒྱལ་ཁབ་སོ་སོའི་ཁྲིམས་འཛུགས་སྒྲིག་གཞིའི་བར་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད།     ཨ་ཁི་སུང་དང་། པོ་ཚི་ཝ་ན་དང་ཀུའེ་ཡ་ན།    ཅོར་ཏན།    ལའེ་སོ་ཐོ།    མཱ་ཏ་ཀ་སི་ཁ།    མར་ཏེ་ཝེ།    མོ་ལི་ཁྱིག་སི།    སེ་ར་ལེ་ཨང་སོགས་རྒྱལ་ཁབ་ཀྱི་གྲོང་ཁང་གི་འགོ་ཁྲིད་པས་གཏམ་བཤད།     ཕྱི་ཕྱོགས་ཀྱི་མི་སྣས་བསྟན་དོན། ཁྲིམས་འཛུགས་སྒྲིག་གཞིའི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ཐུན་མོང་གིས་སྲུང་སྐྱོང་བྱས་ཏེ་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད།     མཇལ་འཕྲད་གནང་རྗེས་ཕྱོགས་གཉིས་ཀྱིས་རྒྱལ་ཡོངས་དམངས་ཆེན་དང་གྲོས་ཁང་མནའ་འབྲེལ་གྱི་འབྲེལ་ཡོད་མཉམ་ལས་གྲོས་མཐུན་བཀོད་པར་བདེན་དཔང་བྱས།

ལིས་ཧུང་ཀྲུང་གིས་འགོ་རྩོམ་མཛད་སྒོར་མགོ་འཛིན་བྱས་པ་མ་ཟད་གོང་གསལ་བྱེད་སྒོར་ཞུགས།

ཤ་བོ་རིན་མཚོས་བསྒྱུར།