ལིས་ཆང་གིས་ཨུ་རི་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ལ་མཇལ་འཕྲད་གནང་།
2024.08.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ས་དེའི་ཟླ8པའི་ཚེས22ཉིན་གྱི་སྔ་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཨུ་རི་སི་དཀར་པོའི་རང་བཙན་ཕོ་བྲང་དུ་ཨུ་རི་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ལ་མཇལ་འཕྲད་གནང་།

ས་དེའི་ཟླ8པའི་ཚེས22ཉིན་གྱི་སྔ་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཨུ་རི་སི་དཀར་པོའི་རང་བཙན་ཕོ་བྲང་དུ་ཨུ་རི་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་བརྒྱུད་བསྒྲགས་བྱས། ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨུ་རི་སི་དཀར་པོའི་བར་འབྲེལ་བ་བཙུགས་ནས་ལོ32འགོར་བའི་རིང་ལ། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་དང་གསོན་ཤུགས་རབ་ཏུ་འཕེལ་ཡོད།     ཕྱོགས་གཉིས་ཀྱིས་གཉིས་ཕན་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་འབྲས་དངོས་བསྩལ་ཡོད། ད་ལོའི་ཟླ7པར། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་ཨ་སི་ཐཱ་ན་རུ་ཐུག་འཕྲད་གནང་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བའི་ཐད་འཐབ་ཇུས་བཀོད་སྒྲིག་གནང་།     ཀྲུང་གོ་ཕྱོགས་ཀྱིས་ཨུ་རི་སི་དཀར་པོའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་དང་།    ཆབ་སྲིད་ཐད་ཕན་ཚུན་གྱི་ཡིད་ཆེས་མུ་མཐུད་སྲ་བརྟན་དུ་གཏོང་བ།    རྒྱུན་ཆད་མེད་པར་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཨུ་རི་སི་དཀར་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཆུ་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་ཁེ་སྔར་ལས་ལེགས་པོ་བསྐྲུན་དགོས།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཨུ་རི་སི་དཀར་པོ་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་མུ་མཐུད་དུ་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་ཡིན་ལ། ཨུ་རི་སི་དཀར་པོ་ཕྱོགས་དང་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་པ་དང་།    ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་གཏོང་བ།    ཉོ་འཚོང་གཞི་ཁྱོན་བརྟན་པོའི་ངང་རྒྱ་ཆེར་གཏོང་བ།    ཀྲུང་གོ་དང་ཨུ་རི་སི་དཀར་པོའི་བཟོ་ལས་གླིང་སོགས་ཀྱི་རྣམ་གྲངས་ལག་བསྟར་ཡག་པོ་བྱེད་པ།    མི་གཞུང་རིག་གནས་བརྗེ་རེས་རྒྱུན་མཐུད་སྒོས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རི་སི་དཀར་པོའི་ཕྱོགས་དང་ཕྱོགས་མང་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ཏེ། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་མཉམ་དུ་དར་སྤེལ་བཏང་ནས། འདྲ་མཉམ་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དུ་དར་སྤེལ་བཏང་སྟེ། འཛམ་གླིང་བཅོས་སྐྱོང་མ་ལག་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད།

ལུའུ་ཁཱ་ཧྲིན་ཁི་ཡིས་ལིས་ཆང་ལ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་བརྒྱུད་བསྒྲགས་གནང་རོགས་ཞུས། ལུའུ་ཁཱ་ཧྲིན་ཁི་ཡིས་བསྟན་དོན། ཨུ་རི་སི་དཀར་པོ་དང་ཀྲུང་གོའི་འབྲེལ་བ་མིག་སྔར་འཕེལ་རྒྱས་འགྲོ་ཚུལ་ཧ་ཅང་བཟང་པ་དང་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད་ལ།    རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་སོགས་ཀྱི་གནད་དོན་གལ་ཆེན་ཐད་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཨུ་རི་སི་དཀར་པོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྒེར་སེམས་མེད་པའི་རོགས་རམ་བྱས་པར་ཨུ་རི་སི་དཀར་པོའི་ཕྱོགས་ཀྱིས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་། ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་གཏིང་ཟབ་ཏུ་གཏོང་བ་དང་།    དཔལ་འབྱོར་ཚོང་དོན་དང་ཞིང་ལས།    ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ།      ཧུར་ཐག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་གི་གྲོས་འགོ་གལ་ཆེན་ནང་ཞུགས་ནས། ཨུ་རི་སི་དཀར་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད།

ཉིན་དེའི་སྔ་དྲོར་ལིས་ཆང་གིས་ཨུ་རི་སི་དཀར་པོའི་རྒྱལ་ཁའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་ཕྲེང་བ་ཕུལ།

ཝུའུ་ཀྲིན་ལུང་གོང་གསལ་གྱི་བྱེད་སྒོར་ཞུགས།

ཤ་བོ་རིན་མཚོས་བསྒྱུར།