ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་སྒྲོག་འགྲེལ་བྱ་འགུལ་སྤེལ།
2024.08.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

ཟླ8པའི་ཚེས21ཉིན་ནས་ཚེས22ཉིན་བར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཞུས་ཞིན་ཀི་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཝེ་ཙིན་པའོ། ཞིང་ཆེན་མཁོ་འཚོང་མཉམ་ལས་ཁང་གི་ཏང་ཙུའུ་ཁོངས་མི། ལྟ་ཞིབ་ཚོགས་པའི་ཀྲུའུ་རིན་ཧི་ཧྲི་ལེན། མཚོ་སྔོན་སློབ་ཆེན་གྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སློབ་གཙོ་གཞོན་པ། དགེ་རྒན་ཆེན་མོ་ཀའོ་ཡུང་ཧྥ། ཞིང་ཆེན་ཏང་ཨུའི་འཆད་ཁྲིད་ཚོགས་པའི་ཚོགས་གཙོ། མཐོ་རིམ་འཆད་ཁྲིད་པ་ཀྲའོ་ལན་ཡུས། མཚོ་སྔོན་མི་རིགས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ལིའུ་ཅིན་ལུང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སློབ་དཔྱོད་པུའུ་ཡི་འཆད་ཁྲིད་པ་ཝང་ཏའོ་ཞིན་བཅས་སོ་སོར་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མདའ་བཞི་རྫོང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སོགས་ས་ཁུལ་དང་ལས་ཁུངས་ལ་སོང་ནས་གཅིག་བསྡུས་སྒྲོག་འགྲེལ་བྱས།

སྒྲོག་འགྲེལ་ཚོགས་པའི་ཁོངས་མི་སོ་སོས་ཚང་འཛོམས་གྲོས་ཚོགས་ཀྱི་བརྗོད་དོན་གཙིགས་སུ་བཟུང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་རྒྱུས་ལོན་བྱེད་པར་དམིགས་ནས། ཆོད་དོན་ལས་བཏོན་པའི་བཅོས་བསྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པའི་བྱེད་ཐབས་གལ་ཆེན་ལ་ཕྱོགས་ཡོངས་ནས་རྒྱུས་་ལོན་ཡང་དག་བྱེད་པ་སོགས་ཀྱི་ནང་དོན་ལ་འགྲེལ་བཤད་ཆ་ཚང་དང་འགྲེལ་ཀློག་གཏིང་ཟབ་བྱས། སྒྲོག་འགྲེལ་སྐབས་སུ།  ཡུལ་དངོས་ཀྱི་ཉན་མཁན་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་སྒྲོག་འགྲེལ་ལ་ཉན་པ་དང་ཟིན་བྲིས་ཞིབ་མོར་བཏབ། སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ད་དུང་ཡུལ་དངོས་ནས་ཚང་མ་དང་བསམ་ཚུལ་བརྗེ་རེས་བྱས་པ་དང་། འབྲེལ་ཡོད་གནད་དོན་ལ་འགྲེལ་བཤད་གསལ་བོ་བྱས།

མཚོ་སྔོན་ཞིང་ཆེན་ན་གཞོན་ལོ་ཆུང་བྱ་འགུལ་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཝང་ཧུང་ཞཱ་ཡིས་བསྟན་དོན། སྒྲོག་འགྲེལ་ལ་ཉན་རྗེས། ང་ཚོའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གྱུར་བ་དང་སྒུལ་ཤུགས་སྔར་ལས་ཇེ་ཆེར་སོང་། ང་ཚོས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་བསམ་བློའི་རང་རྟོགས་ཇེ་དྲག་ཏུ་གཏོང་བ། ད་ལྟ་སྤེལ་བཞིན་པའི་བྱ་བར་ཟུང་འབྲེལ་དམ་པོ་བྱེད་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་བར་བྱེད་པ། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་པ་སྐྱེད་སྲིང་བྱེད་པའི་རྩ་བའི་ལས་འགན་ཁོང་དུ་ཆུད་པར་བྱེད་པ། རྒྱ་ཆེའི་ན་གཞོན་ལོ་ཆུང་གི་དགའ་ཕྱོགས་སྐྱེད་སྲིང་གི་གདམ་ག་སྔར་ལས་རྒྱ་སྐྱེད་དེ། རྒྱ་ཆེའི་ན་གཞོན་ལོ་ཆུང་གི་ཕྱོགས་ཡོངས་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

མགོ་ལོག་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་དབྱངས་ཅན་ལྷ་མོས། སྒྲོག་འགྲེལ་ཕུན་སུམ་ཚོགས་ཤིང་གསོན་ཉམས་ལྡན་པ་དང་། གཏིང་ཟབ་ཅིང་ཁ་གསལ་བོ་ཡིན་ལ། གཞུང་ལུགས་ཀྱི་ཟུར་ཁྲིད་ཐེངས་གཅིག་ཡིན་པ་མ་ཟད། ལག་ལེན་གྱི་མཛུབ་སྟོན་སློབ་ཁྲིད་ཐེངས་གཅིག་ཀྱང་ཡིན། བཅོས་བསྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ཧ་ཅང་ལྕི་ཞིང་གཟི་བརྗིད་ལྡན་པས། ང་ཚོས་སྟོབས་ཤུགས་ཡོད་རྒུས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པ་གཙིགས་སུ་འཛིན་པ། ཚོང་རའི་གསོན་ཤུགས་ཆེར་སྐྱེད་པ། བཅོས་བསྒྱུར་གྱི་ལས་འགན་ལག་བསྟར་བྱས་ནས་གྲུབ་འབྲས་མཐོང་བར་ཁག་ཐེག་བྱས་ཏེ། མགོ་ལོག་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་སྒུལ་ཤུགས་ཆེན་པོ་སྣོན་དགོས་ཟེར།

མཚོ་བྱང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་གཙོ་དབྱང་པེན་གྱིས་བཤད་རྒྱུར། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པར་ཟུང་འབྲེལ་བྱེད་པ་དང་། བཅོས་བསྒྱུར་གསར་གཏོད་རྒྱུན་འཁྱོངས་བྱེད་རྒྱུ་བྱེད་ཐབས་སུ་བརྩི་བ། དམངས་ཚིས་ཞབས་ཞུ་གཙོར་འཛིན་པ། རིག་གནས་གནས་སྐོར་རྨང་གཞི་རུ་བྱེད་པ། སྟོབས་ཤུགས་ཡོད་རྒུས་གྲོང་གསེབ་དོ་དམ་དང་མི་རིགས་མཐུན་སྒྲིལ། དམངས་ཚིས་འགན་སྲུང་སོགས་གཙོ་གནད་བྱ་བ་དམ་འཛིན་བྱེད་པ། མཐུན་སྒྲིལ་ཁྱིམ་གཞི་འཛུགས་སྐྲུན་སོགས་བྱ་བ་གཏིང་ཟབ་ཏུ་སྤེལ་བ། མང་ཚོགས་རང་བཞིན་གྱི་ལུས་རྩལ་རིག་གནས་བྱ་འགུལ་རྒྱུན་མཐུད་ངང་གོང་འཕེལ་གཏོང་བ། གྲོང་གསེབ་ཡོངས་ཀྱི་མི་རིགས་སོ་སོའི་བར་གྱི་བརྗེ་རེས་འགྲོ་འོང་དང་མཉམ་བསྲེས་ལ་སྐུལ་འདེད་བཏང་ནས། མདའ་བཞིའི་གྲོང་ཁྱེར་གཅིག་ལ་ཐོན་ལས་ལྔ་དང་། ཁོངས་ཡོངས་སྐྱེ་ཁམས་ཀྱི་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་ཆེད་སྟོབས་ཤུགས་འབུལ་དགོས་ཟེར།


རིན་ཆེན་མཚོས་བསྒྱུར།