ཟླ8པའི་ཚེས23ཉིན་གྱི་དགོང་མོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཨུ་རུ་སི་དཀར་པོར་འཚམས་འདྲི་གནང་ཚར་ནས་ཆེད་བཏང་གནམ་གྲུར་བསྡད་དེ་ཕྱིར་པེ་ཅིང་དུ་ལོག རྒྱལ་སྲིད་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་ཝུའུ་ཀྲིན་ལུང་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ཏུ་བསྡད་དེ་མཉམ་དུ་པེ་ཅིང་དུ་བདེ་བར་འབྱོར།
མེན་སི་ཁི་ནས་ཞལ་མ་གྱེས་པའི་སྔོན་ལ། ལིས་ཆང་དང་ཨུ་རུ་སི་དཀར་པོའི་ཙུང་ལི་ཀི་ལའོ་ཧྥུའུ་ཆིན་ཁི་གཉིས་ཀྱིས་ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་བཟོ་ལས་གླིང་ལ་མཉམ་དུ་རྟོག་ཞིབ་གནང་། རྒྱལ་ནང་དུ་ལོག་སྐབས། ཨུ་རུ་སི་དཀར་པོའི་ཙུང་ལི་ཀི་ལའོ་ཧྥུའུ་ཆིན་ཁི་དང་ཨུ་རུ་སི་དཀར་པོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཞེ་ཞའོ་ཡུང་གིས་གནམ་གྲུ་ཐང་དུ་ཕེབས་སྐྱེལ་གནང་།
བན་དེ་སྐྱབས་ཀྱིས་བསྒྱུར།