དངུལ་རྩའི་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་དངུལ་རྩའི་སྟོབས་ལྡན་རྒྱལ་ཁབ་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱེད་དགོས།
2024.08.25 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 37

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་དངུལ་རྩའི་ལམ་ལུགས་བཅོས་སྒྱུར་ཐད་རྒྱང་ལྟའི་རང་བཞིན་དང་མ་ལག་རང་བཞིན་གྱི་རྩེ་རིམ་ཇུས་འགོད་བྱས་ཡོད།

ཀྲུང་གོ་མི་དམངས་དངུལ་ཁང་གི་འགོ་གཙོ་ཕན་ཀུང་ཧྲིན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་དངུལ་རྩའི་ལམ་ལུགས་བཅོས་སྒྱུར་གྱི་ཐད་བཀོད་སྒྲིག་གནང་ཡོད་དེ། ལས་འགན་དང་པོ་ནི་ཀྲུང་དབྱང་དངུལ་ཁང་གི་ལམ་ལུགས་མགྱོགས་མྱུར་སྒོས་འཐུས་ཚང་དུ་གཏོང་རྒྱུ་དེ་རེད།     མི་དམངས་དངུལ་ཁང་གིས་དངུལ་ལོར་སྲིད་ཇུས་དང་མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་སྔོན་འགོག་ཚོད་འཛིན་སོགས་ཀྱི་འགན་འཁྲིར་དམིགས་ནས།    དེང་རབས་ཀྱི་ཀྲུང་དབྱང་དངུལ་ཁང་ལམ་ལུགས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས།

ཕན་ཀུང་ཧྲིན་གྱིས་བསྟན་དོན། ད་ལོ་མི་དམངས་དངུལ་ཁང་གིས་སྔ་རྗེས་སུ་ཅུང་གལ་ཆེ་བའི་དངུལ་ལོར་སྲིད་ཇུས་ལེགས་སྒྲིག་ཐེངས་གསུམ་བྱས་ནས། དཔལ་འབྱོར་བསྐྱར་འཕར་དང་ཇེ་ལེགས་སུ་འགྲོ་རྒྱུར་གནད་ལ་འཁེལ་བའི་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད།     གོ་རིམ་རྗེས་མར་འཁོར་ཡུན་ལྡོག་པ་དང་འཁོར་ཡུན་ལས་བརྒལ་བའི་སྙོམས་སྒྲིག་ལ་ཤུགས་སྣོན་པ་དང་།    སྔོན་དཔག་བརྟན་པོ་ཡོང་བར་ཤུགས་སྣོན་པ།    ཡིད་ཆེས་ཆེ་རུ་གཏོང་བ།    དཔལ་འབྱོར་བསྐྱར་འཕར་ཡག་པོ་ཡོང་བའི་རྣམ་པ་སྲ་བརྟན་དང་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བཅས་བྱ་དགོས།

ཕན་ཀུང་ཧྲིན་གྱིས་བསྟན་དོན། མིག་སྔར་རང་རྒྱལ་གྱི་དངུལ་རྩའི་མ་ལག་སྤྱི་ཡོངས་ནས་བརྟན་པོ་ཡིན་པ་དང་གཙོ་གནད་ཁྱབ་ཁོངས་ཀྱི་དངུལ་རྩའི་ཉེན་ཁ་གོ་རིམ་ལྡན་པའི་ངང་སེལ་བཞིན་ཡོད།

ཕན་ཀུང་ཧྲིན་གྱིས་བསྟན་དོན། མི་དམངས་དངུལ་ཁང་གིས་སྔར་ལས་ལྷག་པའི་སྒོ་ནས་ཚན་རྩལ་དངུལ་རྩ་དང་།    ལྗང་མདོག་དངུལ་རྩ།    ཀུན་ཕན་དངུལ་རྩ།    རྒན་གསོའི་དངུལ་རྩ།    གཞི་གྲངས་དངུལ་རྩ་བཅས་ཀྱི“རྩོམ་ཡིག་ཆེན་པོ་ལྔ” ཡག་པོ་བསྒྲུབས་ནས། དངུལ་རྩའི་སྒོ་འབྱེད་སྲིད་ཇུས་ཀྱི་གསལ་ཚད་དང་།    བརྟན་པོའི་རང་བཞིན།    སྔོན་དཔག་ཐུབ་པའི་རང་བཞིན་བཅས་ཆེ་རུ་བཏང་སྟེ། དངུལ་རྩའི་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།

ཤ་བོ་རིན་མཚོས་བསྒྱུར།