ཝུའུ་ཞའོ་ཅུན་གྱིས་ཚོང་དོན་ཉོ་འཚོང་ཞབས་ཞུའི་ལས་རིགས་ལ་རྟོག་ཞིབ་བྱས།
2024.08.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཉེ་ལམ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་གྲོང་ཁྱེར་དུ་ཚོང་དོན་ཉོ་འཚོང་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་ནན་མོ་བྱས་ནས།    སྲིད་ཇུས་གལ་ཆེན་དོན་འཁྱོལ་ཞིབ་མོ་བྱས་ཏེ་ཚོང་དོན་ཉོ་འཚོང་གཙོ་བོ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་།    མགྱོགས་མྱུར་སྒོས་ཞབས་ཞུའི་འཛད་སྤྱོད་ཀྱི་ཤོང་ཚད་རྒྱ་སྐྱེད་དང་སྤུས་ཚད་ཇེ་ལེགས་སུ་གཏོང་བ།    འཛད་སྤྱོད་ཀྱི་སྦས་ཤུགས་འདོན་སྤེལ་གང་ལེགས་བཅས་བྱས་ནས་དཔལ་འབྱོར་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

ཀྲུང་གོ་རྡོ་སྣུམ་མཚོ་སྔོན་ཕྱིར་འཚོང་ཀུང་སིར་ནས་ཝུའུ་ཞའོ་ཅུན་ཁེ་ལས་བཀོད་གཏོང་བཀོད་འདོམས་ལྟེ་གནས་སུ་བསྐྱོད་དེ་ཁེ་ལས་ཀྱི་ཕྱིར་འཚོང་ཚོང་གཉེར་དང་།    རྒྱུན་ལྡན་གྱི་བཀོད་གཏོང་། འཕེལ་རྒྱས་འཆར་འགོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།     ཁོས་བཤད་རྒྱུར། མིག་སྔའི་ནུས་ཁུངས་ཁྲོམ་རའི་ཚུལ་སྒྱུར་འཕོ་འགྱུར་ལ་ཁ་གཏད་ནས་ཁེ་ལས་ཀྱིས་ཁྲོམ་རའི་ནུས་སྤྱོད་དགོས་མཁོའི་འགྱུར་ལྡོག་དང་རང་འགུལ་ངང་བསྟུན་པ་དང་།    ཁྲོམ་རའི་ཚོང་གཉེར་ཐབས་ཇུས་ཇེ་ལེགས་སུ་གཏོང་བ།    སྣུམ་རིགས་ཐོན་རྫས་ཀྱི་གྲངས་འབོར་ཇེ་མང་དུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བ།    སྣུམ་མིན་ལས་སྒོ་སྟོབས་ལྡན་དང་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས། ནུས་ཤུགས་སྔར་ལས་ཆེ་བའི་སྒོ་ནས་ཁྲོམ་ར་རྒྱ་ཆེར་གཏོང་བ་དང་།    ཐོབ་སྐལ་མང་དུ་གཏོང་བ།    ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཟེར།     མཚོ་སྔོན་ཁའེ་ཏ་ཟོང་འགྲེམས་ཚད་ཡོད་འགན་འཁྲི་ཀུང་སི་རུ་ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་སུ་ཁེ་ལས་ཀྱི་ཚོང་དོན་ཟོང་འགྲེམས་དང་།    རླངས་འཁོར་ཞིག་གསོ།    ལྷུ་ལག་ཕྱིར་འཚོང་།    རླངས་འཁོར་ཞིབ་དཔྱད་ཚད་ལེན་སོགས་ཀྱི་ལས་སྒོའི་གནས་ཚུལ་ལ་རྟོག་ཞིབ་བྱས་ཏེ། ཁེ་ལས་ཀྱིས་བཅོས་སྒྱུར་གསར་གཏོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།    འགྲིམ་འགྲུལ་ཟོང་འགྲེམས་དང་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་དང་མཉམ་འགུལ་འཕེལ་རྒྱས་ལ་ཤུགས་སྣོན་པ།    གཞི་གྲངས་ནུས་སྤྲོད་ཀྱི་ཤུགས་ཆེ་རུ་གཏོང་བ།    ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ།  མ་རྩ་ཇེ་ཉུང་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་བཏང་སྟེ། ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཞེས་བསྟན།   མཚོ་སྔོན་འགྲིམ་འགྲུལ་གློག་ཆས་ཐོག་ཁང་ཆེན་མོའི་ཚད་ཡོད་འགན་འཁྲི་ཀུང་སི་རུ། ཝུའུ་ཞའོ་ཅུན་གྱིས་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཚོང་དོན་ཉོ་འཚོང་ཁེ་ལས་ཀྱི་འགན་འཁུར་པ་དང་བསམ་ཚུལ་བརྗེ་རེས་བྱས་ཏེ། མགྲོན་པོ་ཡོང་ཚད་དང་ཕྱིར་འཚོང་གྲངས་ཀ་སོགས་ཀྱི་གནས་ཚུལ་འདྲི་རྩད་ཞིབ་ཕྲ་བྱས།     ཁོས་བཤད་རྒྱུར། ཁྱིམ་སྤྱོད་གློག་ཆས་སིལ་འཚོང་བྱེད་པའི་ཁེ་ལས་ཤིག་ཡིན་པའི་ངོས་ནས། ཚོང་གཉེར་འདུ་ཤེས་གསར་བརྗེས་དང་ཚོང་གཉེར་བྱེད་སྟངས་ཇེ་ལེགས་སུ་གཏོང་བ།    གཙོ་གནད་འཛད་སྤྱོད་དངོས་རྫས་ཀྱི་སྤུས་ཚད་དང་རིན་གོང་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ།    འཛད་སྤྱོད་དངོས་ཚབ་གསར་བརྗེའི་སྲིད་ཇུས་གང་ལེགས་སྒོས་བེད་སྤྱོད་བྱེད་པ།    དྲིལ་བསྒྲགས་དང་གསལ་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རང་འགུལ་ངང་ཁྱིམ་དུ་སོང་ནས་ཞབས་འདེགས་ཞུས་ནས། གཟིགས་སྐྱོང་སྲིད་ཇུས་འཛད་སྤྱོད་པས་ཉམས་སུ་མྱོང་ཐུབ་པར་བྱེད་དགོས་ཟེར།   ཀྲུང་གོ་སྦྲག་སྲིད་མཁར་དཀྱིལ་ཡན་ལག་ཀུང་སི་འབྲི་ཆུ་ལམ་སྦྲགས་སྲིད་ཁང་དུ། ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་སྦྲག་སྲིད་ཞབས་ཞུའི་དྲ་ཚིགས་ཀྱི་བཀོད་པ་དང་།    མྱུར་སྐྱེལ་ཟོང་འགྲེམས་ཞབས་ཞུ།    སྦྲག་སྐྱེལ་ལས་སྒོ་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཞིང་ཆེན་ཡོངས་ཀྱི་སྦྲག་སྲིད་དོ་དམ་བྱ་བ་དང་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ནས།  སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱི་འཕར་རྩ་ཆེན་པོ་ཤར་གཏོང་དང་འཁོར་རྒྱུག་ཤར་གཏོང་གི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ། ཧུར་ཐག་གིས་དམངས་ཕན་ཞབས་ཞུ་རྒྱ་བསྐྱེད་པ་དང་། གློག་རྡུལ་ཚོང་དོན་སྟེགས་བུའི་ཁེ་ལས་དང་མཉམ་ལས་གཏིང་ཟབ་བྱས་ནས། རིག་ནུས་དངོས་ཟོག་གསོག་འཇོག་འཁོར་རྒྱུག་བསྐྲུན་ཏེ། མྱུར་སྐྱེལ་སྡེ་བར་ཐོན་པར་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་སྤེལ་ལ་ཞབས་ཞུ་སྔར་ལས་བཟང་པོ་སྒྲུབ་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་ཧུར་ཐག་གིས་བྱས་རྗེས་འཇོག་དགོས་ཞེས་བསྟན།

རྟོག་ཞིབ་ཁྲོད། ཝུའུ་ཞའོ་ཅུན་གྱིས་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གི་འགན་འཁུར་བློ་མཐུན་ལ་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཁེ་ལས་ཀྱི་འབོད་སྒྲ་ཐོས་ཐུབ་པ་དང་ཉན་ཐུབ་པར་བྱས་ནས། ཁེ་ལས་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱེད་དགོས་པ་དང་། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན།    རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་ནས། ཁྲོམ་རའི་ཡིད་ཆེས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་དགོས་ལ།     གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་སྲིད་ཇུས་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་།    ཁེ་ལས་གཞི་གྲངས་ཅན་དང་རིག་ནུས་ཅན།    ལྗང་མདོག་ཅན་བཅས་ཀྱི་རྣམ་པ་ཚུལ་རྒྱུར་བྱེད་པར་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཚོ་བའི་དགོས་མཁོ་སྔར་ལས་ལེགས་པོ་སྐོང་ཐུབ་པར་བྱས་ཏེ། སྲིད་ཇུས་གལ་ཆེན་གྱིས་དམངས་ལ་ཕན་ཁེ་དང་ཁེ་ལས་ལ་ཕན་པ་ཐོབ་པར་བྱེད་དགོས་པའི་མངགས་བཅོལ་བྱས།

ཝང་ཝའེ་ཏུང་དང་ཝང་ཧའེ་ཧུང་བྱེད་སྒོར་ཞུགས།


ཤ་བོ་རིན་མཚོས་བསྒྱུར།