ཟླ8པའི་ཚེས23ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཤིང་། རང་ཞིང་གི་ལག་བསྟར་བསམ་ཚུལ་ལ་ཞིབ་འཇུག་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།
ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་ཏིན་ཞའོ་ཕིང་སྐུ་འཁྲུངས་ནས་ལོ120འཁོར་བར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་བློ་མཐུན་ཏིན་ཞའོ་ཕིང་གི་རླབས་ཆེན་གྱི་ལོ་རྒྱུས་མཛད་རྗེས་ལ་ཕྱིར་དྲན་དང་དེར་གདེང་འཇོག་ཚད་མེད་གནང་ཞིང་། བློ་མཐུན་ཏིན་ཞའོ་ཕིང་གིས་བཏོད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་མུ་མཐུད་མདུན་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་བར་བླང་བྱ་གསལ་བོ་བཏོན་ཡོད། མར་ཁེ་སི་རིང་ལུགས་སྲོག་རྩར་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྩ་གནད་དུ་འཛིན་པ་ནམ་ཡང་བརྟན་སྲུང་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་ལས་དོན་ཁག་སོ་སོ་ཡང་དག་པའི་ཁ་ཕྱོགས་བརྒྱུད་དེ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་གྱི་དཀྱིལ་སྙིང་ལས་འགན་ལ་དམ་པོར་དམིགས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་དོན་དངོས་གནད་དོན་ལ་ཞིབ་འཇུག་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རླབས་ཆེ་བའི་འཆར་གཞི་བཀོད་པ་དེ་དོན་དངོས་སུ་འགྱུར་བར་འབད་པ་བྱེད་དགོས་ཞེས་ནན་གྱིས་བསྟན།
ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་དང་རང་བྱུང་ཤུལ་བཞག་རྒྱུ་ནོར་སྲུང་སྐྱོབ་རྒྱུན་འཛིན་དང་བེད་སྤྱོད་བྱ་བར་ཤུགས་སྣོན་པའི་ཐད་ཀྱི་མཛུབ་སྟོན་གལ་ཆེན་དང་། ཨོ་རྩལ་འགྲན་ཚོགས་སྐབས་སོ་གསུམ་པའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན། ཡུའེ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་ལ་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། གྲོས་ཚོགས་སྟེང་རྒྱལ་ཡོངས་རིག་དངོས་ཞིབ་བཤེར་ཐེངས་བཞི་པའི་ལས་དོན་གཏིང་ཟབ་སྒོས་སྤེལ་ཏེ། ཀྲུང་ཧྭའི་དཔལ་ཡོན་ཁུངས་འཚོལ་བཟོ་སྐྲུན་དང་ཀྲུང་གོའི་གནའ་དཔྱད་སོགས་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱེད་པ་དང་། ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཆ་དང་། ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་། གྲོ་ཚང་རྡོ་རྗེ་འཆང་སོགས་རང་བྱུང་རིག་གནས་ཤུལ་བཞག་རྒྱུ་ནོར་ལ་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པར་ཤུགས་སྣོན་བྱས་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་གཞིས་ཁྱིམ་མུ་མཐུད་བརྟན་པོར་བསྐྲུན་དགོས། ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་དང་ཨོ་ལིམ་ཕིག་ལུས་རྩལ་སྙིང་སྟོབས་དར་སྤེལ་གང་ལེགས་བཏང་སྟེ། ལུས་རྩལ་ལས་དོན་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ལུས་རྩལ་སྙིང་སྟོབས་ཀྱི་དུས་རབས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། ལུས་རྩལ་གྱིས་མི་རིགས་སོ་སོའི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བའི་ཁྲོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྤྱི་དོན་དང་དུ་ལེན་པ་དང་དེར་ཞབས་འདེགས་ཧུར་ཐག་ཞུས་ཏེ། ལོ་རྒྱུས་འཕེལ་རྒྱས་ཀྱི་གོ་སྐབས་ཁོང་དུ་ཆུད་པར་བྱས་ནས། སྒོ་འབྱེད་རྒྱ་ཆེན་བྱས་པར་བརྟེན་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།
ཚོགས་ཐོག་ཏུ་ཞིང་ཆེན་ཏང་ཨུའི་ཚན་རྩལ་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྒྲིག་སྲོལ་དང་། གཞུང་སྒྲུབ་ཁང་གི་བྱ་བའི་ཞིབ་སྲོལ། གཞན་མཚོ་སྔོན་ཞིང་ཆེན་གྱིས་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་གཙོ་གཞིའི་གོ་གནས་ཤུགས་དྲག་ཏུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར་བཅས་ལ་གྲོས་ཞིབ་བྱས། གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་ཚན་རྩལ་ཨུ་ཡོན་ལྷན་ཁང་བཙུགས་པ་ནི་རང་ཞིང་གིས་ཏང་གི་ཚན་རྩལ་བྱ་བའི་ཁྱོན་ཡོངས་ཀྱི་མགོ་ཁྲིད་ལ་རྒྱབ་སྐྱོར་དང་ཤུགས་སྣོན་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་པས། སྣེ་ཁྲིད་དམ་འཛིན་དང་སྤྱིའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་བྱ་བར་གཅིག་འདོམས་བྱེད་པར་ཤུགས་སྣོན་དགོས། ཚན་རྩལ་གསར་གཏོད་འཐབ་ཇུས་ཀྱི་འདེགས་ནུས་ཤུགས་དྲག་ཏུ་བཏང་སྟེ། ཚན་རྩལ་རྐྱེན་སྲོལ་བཅོས་སྒྱུར་བྱ་བ་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་དང་སྦྲེལ་མཐུད་བྱེད་པར་དོ་སྣང་བྱེད་པ། རྩེ་རིམ་ཇུས་འགོད་སྟེང་ཚན་རྩལ་ཁྱབ་ཁོངས་ཀྱི་འཐབ་ཇུས་རང་བཞིན་དང་། ཁ་ཕྱོགས་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་གནད་དོན་གལ་ཆེན་ཐག་བཅད་ནས། ཞིང་ཆེན་ཡོངས་ཀྱི་གསར་གཏོད་མ་ལག་གི་སྤྱིའི་ཕན་ནུས་ཇེ་མཐོར་གཏོང་དགོས། ཁ་ཕྱོགས་བཞིའི་འཐབ་ཇུས་སྐུལ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཐོན་ལས་ཀྱི་གནས་བཞི་བསྐྲུན་པར་དམིགས་པ་དང་། ཚན་རྩལ་གསར་གཏོད་ཀྱི་ཕྲེང་འབྲེལ་ཧྲིལ་བོའི་བཀོད་སྒྲིག་དང་། ཁྱབ་ཁོངས་ཡོངས་ཀྱི་བཀོད་པར་ཤུགས་བསྣན་ནས། གསར་གཏོད་ཀྱི་སྐྱེ་ཁམས་ལེགས་པོ་ཞིག་བསྐྲུན་པ་དང་། དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བྱེད་ནུས་སྩོལ་དགོས།
གྲོས་ཚོགས་སྟེང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དེ། 2024ལོའི་ཟླ9པའི་ཟླ་སྟོད་དུ་ཟི་ལིང་དུ་འཚོགས་རྒྱུ་ཐག་བཅད།
གྲོས་ཚོགས་སྟེང་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།